བོད་ཀྱི་བུད་མེད་སྤོ་ལོའི་རུ་ཁག་མཐའ་སྡོམ་འགྲན་བསྡུར་ལ་སླེབས་བ།


2016.05.06
བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་དང་རྒྱ་གར་VIVA North་རུ་ཁག་གཉིས། ༢༠༡༦།༥།༥ བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་དང་རྒྱ་གར་VIVA North་རུ་ཁག་གཉིས། ༢༠༡༦།༥།༥
Cassie Childers

རྒྱ་གར་གྱི་Goa་མངའ་སྡེའི་ནང་བུད་མེད་ཀྱི་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་མཉམ་ཞུགས་གནང་ནས་མཐའ་མའི་འགྲན་བསྡུར་ནང་སླེབས་ཡོད་འདུག།
དེ་ཡང་རྒྱ་གར་གྱི་The Times of India་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་Goa་མངའ་སྡེའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་མགྲོན་འབོད་བྱས་པ་ལྟར། བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་རུ་ཁག་Goa་མངའ་སྡེའི་Mapusa་གྲོང་ཁྱེར་ནང་བེུད་ཀྱི་རྐང་རྩེད་འགྲན་བསྡུར་ནང་མཉམ་ཞུགས་གནང་ཡོད་པ་དང་། ཁ་ས་ཚེས་༥་ཉིན་འགྲན་རྩོད་ཐེངས་གཉིས་པའི་སྐབས་Duler་རྩེད་ཐང་ཞེས་པའི་ནང་། བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་དང་VIVA North་ཞེས་པའི་ས་གནས་ཀྱི་བེུད་རྐང་རྩེད་པོ་ལོའི་རུ་ཁག་དབར་འགྲན་བསྡུར་བྱས་འདུགྲ
འགྲན་བསྡུར་གྱི་གྲུབ་འབྲས་ནང་། བོད་པའི་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ནས་པོ་ལོ་༤་བླུགས་པ་དང་། VIVA North་རུ་ཁག་གིས་གཅིག་ཀྱང་བླུགས་མ་ཐུབ་པར་ཕམ་ཉེས་བཏང་འདུག།
འགྲན་རྩོད་འདིའི་ཐོག་བོད་པའི་བེུད་རྐང་རྩེད་པོ་ལོའི་རུ་ཁག་གི་འཇམ་དབྱངས་འཚོས་པོ་ལོ་གཉིས་དང་། ངག་དབང་ཨོ་ཚོ་དང་། དོན་གྲུབ་ལྷ་མོ་གཉིས་ཀྱིས་པོ་ལོ་རེ་རེ་བཅས་བླུགས་ནས་བོད་རྒྱལ་ཡོངས་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ད་ཆ་མཐའ་སྡོམ་རྩེད་ཕུད་འགྲན་བསྡུར་ནང་སླེབས་འདུག༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎