རྩོམ་པ་པོ་འོད་ཟེར་ལ་གཟེངས་རྟགས་འབུལ་བཞེས་བཀག་སྡོམ།

ཡོ་རོབ་ཀྱི་ཡུལ་གྲུ་ནེ་དར་ལེནཌ་ཡི་གཟེངས་རྟགས་འབུལ་བཞེས་ལ་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ།

2012.03.01

༄༅༎བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་རྒྱ་ནག་གཞུང་གིས་བཟང་བཙོན་དུ་བཅུགས་པའི་བཀོད་ཁྱབ་དང་། འོད་ཟེར་ལགས་སུ་ནེ་ཐར་ལེནདྲ་རྒྱལ་ཁབ་ཀྱི་རྒྱལ་སྲས་ཀོ་ལོསེ་ཞེས་པའི་གཟེངས་རྟགས་འབུལ་བཞེས་ཡང་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱལ་སྲས་ཀོ་ལོསེ་ཐེབས་རྩ་ཞེས་ནེ་ཐར་ལེནདྲ་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཡུལ་དེའི་རྒྱལ་སྲས་ཀྱི་མཚན་ཐོག་ནས་ཆེད་འཛུགས་གནང་པའི་ཐེབས་རྩ་ཁང་གིས་  ༢༠༡༡ལོའི་རྒྱལ་སྲས་ཀོ་ལོསེ་ཞེས་པའི་གཟེངས་རྟགས་དེ་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་སུ་ཕུལ་ཡོད་པ་དང་། བྱ་དགའ་དེ་ཡང་འོད་ཟེར་ལགས་ཀྱིས་རྩོམ་བྲིས་ཀྱི་ལམ་ནས་ བོད་ཀྱི་རིགས་གཞུང་དང་ད་ལྟའི་བོད་ཀྱི་གནས་སྟངས་ལ་གོ་རྟོགས་ཁྱབས་སྤེལ་ཆེད་ཕུལ་བྱུང་གི་ལེགས་སྐྱེད་མཛད་པར་ངོས་འཛིན་ཞུ་ཆེད་ཕུལ་ཡོད་པ་རེད། ཁ་ས་ཕྱི་ཚེས་༡ཉིན་འོད་ཟེར་ལགས་ཀྱིས་དྲ་ཚིགས་ཐོག་གནས་ཚུལ་བཀོད་སྤེལ་བྱས་པར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ནེ་ཐར་ལེནདྲ་གཞུང་ཚབ་ཁང་གིས་འོད་ཟེར་ལགས་ལ་རྒྱལ་སྲས་ཀོ་ལོསེ་བྱ་དགའ་དབུལ་རྒྱུར་ཚེས་༡ཉིན་གྱི་དགོངས་དྲོ་གཞུང་ཚབ་ལས་ཁུངས་ནང་ གསོལ་སྟོན་གྱི་མཛད་སྒོ་གནང་རྒྱུའི་མགྲོན་བརྡ་འབྱོར་ཡོད་པ་རེད། ཡིན་ཡང་མཛད་སྒོར་ཕེབས་ཐོན་མ་གནང་ཙམ་གོང་དེ་ཉིན་ཕྱི་དྲོ་པེ་ཅིང་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་པ་ འོད་ཟེར་ལགས་ཀྱི་གཟིམས་ཁང་དུ་འབྱོར་སྟེ་ཁོང་ནེ་ཐར་ལེནདྲ་གཞུང་ཚབ་ཁང་དུ་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོར་སྐྱོད་མི་ཆོག་པ་མ་ཟད།དུས་ཡུན་ཟླ་བ་གཅིག་གི་རིང་བཟང་བཙོན་དུ་བཅུགས་པའི་བཀོད་ཁྱབས་ཡང་བཏང་ཡོད་འདུག འོད་ཟེར་ལགས་ཀྱིས་དྲ་ཚིགས་ཐོག་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། ནེ་ཐར་ལེནདྲ་གཞུང་ཚབ་ཁང་ནང་འོད་ཟེར་ལགས་སུ་བྱ་དགའ་དབུལ་རྒྱུའི་མཛད་སྒོའི་ཐོག་ རྒྱལ་སྲས་ཀོ་ལོསེ་ཐེབས་རྩ་ཁང་གི་འགན་འཛིན་ཆེད་བཅར་ཞུ་རྩིས་བྱས་ཀྱང། རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ཐོང་ཆེན་བཀག་འགོག་བྱས་ཡོད་འདུག དེ་བཞིན་ད་རེས་འོས་ཟེར་ལགས་བཟང་བཙོན་དུ་བཅུགས་རྒྱུ་དེ་ཡང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཚོགས་ལ་ཉེ་བ་དང་།ཆབས་ཅིག་གསུམ་བཅུའི་དུས་དྲན་དང་སྔ་ལོ་གསུམ་པའི་ཚེས་༡༨ཉིན་ གྲ་ཕུན་ཚོགས་ལགས་ནས་རང་ལུས་མེར་བསྲེགས་པའི་དུས་ཚེས་ཤར་ལ་ཉེ་བར་སོང་ཁོང་བཟང་བཙོན་དུ་བཅུགས་པར་ཚོད་དཔག་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎