གཞོན་སྐྱེས་ཀྱིས་སྲས་འཇིགས་མེད་ཀྱི་གོམ་བགྲོས་མཇུག་སྐྱོང༌།

ཨ་རིའི་ཕྱོགས་མཐའ་ཁག་ནས་བོད་མི་ན་གཞོན་ཁག་ཅིག་ནས་ཕོལོ་རི་དྲ་མངའ་སྡེའི་ནང་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་མཇུག་སྐྱོང་།

2011.02.17

༄༅༎སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཨ་རིའི་ཕོལོ་རི་དྲ་མངའ་སྡེའི་ནང་བོད་དོན་སླད་དུ་གོམ་བགྲོས་གནང་བཞིན་པའི་སྐབས། རླངས་འཁོར་ཞིག་གིས་རྡུང་བའི་རྐྱེན་པས་སྐུ་ཚེའི་འཕེན་པ་འཛོགས་པའི་གནས་ཚུལ་བྱུང་རྗེས་ཨ་རིའི་ཕྱོགས་མཐའ་ཁག་ནས་བོད་མི་ན་གཞོན་ཁག་ཅིག་ནས་ཕོལོ་རི་དྲ་མངའ་སྡེའི་ནང་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་དེ་མཇུག་སྐྱོང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཉེ་ལམ་ཕྱི་ཚེས་༡༤རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕོལོ་རི་དྲ་མངའ་སྡེའི་ནང་རྒྱང་ཐག་མེ་ལེ་༣༠༠ལྷག་གི་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་འགོ་འཛུགས་གནང་སྟེ་ཉིན་དང་པོའི་གོམ་བགྲོས་མཇུག་སྒྲིལ་མཚམས་སུ་དགོང་དྲོའི་ཚོུད་༧དང་ཕྱེད་ཀ་ཙམ་ལ་གཞུང་ལམ་སྟེང་རླངས་འཁོར་ཞིག་གིས་གློ་བུར་རྡུང་སྟེ་སྐུ་སྲོག་ཤོར་ཡོད་པ་རེད་ ཁུལ་དེའི་ནང་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་ཐོག་གོ་སྒྲིག་གི་མཐུན་འགྱུར་ཞུ་མཁན་ཨ་རི་བ་བེུད་ཌོན་ན་ཀིམ་སྦེ་རེནདྲ་ཞུ་བས་རེས་གཟའ་ཕུར་བུའི་སྔ་དྲོའི་ཚོུད་༡༠པའི་ཐོག་སྲས་འཇིགས་མེད་ནུར་བུ་ལགས་རླངས་འཁོར་གྱིས་རྡུང་སའི་གཞུང་ལམ་གྱི་ས་ཆ་དེ་གའི་ཐོག་ནས་ཕོལོ་རི་དྲ་ནང་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་དེ་སླར་ཡང་འགོ་འཛུགས་གནང་རྒྱུ་ཡིན་པའི་སྐོར་ཨེ་པི་གསར་ལས་ཁང་ལ་ཞལ་པར་ཐོག་གསལ་འདོན་གནང་བཞག ཕོལོ་རི་དྲའི་མངའ་སྡེའི་ནང་དེ་རིང་བོད་དོན་གོམ་བགྲོས་ཀྱི་ལས་འགུལ་སླར་ཡང་འགོ་འཛུགས་གནང་པའི་ཉིན་དང་པོའི་རིང་ གོམ་མགྲོད་ནང་མཉམ་ཞུགས་གནང་མཁན་ བྱང་ཨ་རིའི་བོད་མིའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་དགུང་ལོའི་བབ་ལ་བརྟེན་ནས་མཚོན་དོན་གྱི་ཆེད་དུ་རྒྱང་ཚད་མེ་ལེ་༣རིང་གོམ་བགྲོས་གནང་རྒྱུ་དང་དེ་ནས་གོམ་བགྲོས་ནང་མཉམ་ཞུགས་མཁན་བོད་མི་གཞོན་སྐྱེས་ཚོས་སྲས་འཇིགས་མེད་ནུར་བུ་ལགས་ཀྱིས་དགོངས་དོན་བཞིན་རྒྱང་ཚད་མེ་ལེ་༣༠༠ཆ་ཚང་བར་གོམ་བགྲོས་མཇུག་སྐྱོང་གནང་འཆར་ཡོད་པའི་སྐོར་ལས་འགུལ་གོ་སྒྲིག་ཞུ་མཁན་ཌོན་ན་ཀིམ་སྦེ་རེནདྲ་ཞུ་བས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎