ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གནས་སྐབས་སྒོ་རྒྱབ་འདུག


2015.12.17
འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ལ་བཅར་འདྲི་སྐབས། ༢༠༡༦།༡༢།༡༦ འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ལ་བཅར་འདྲི་སྐབས། ༢༠༡༦།༡༢།༡༦
ཀླུ་འབུམ།/RFA

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུ་ཚོཊ་པ་སྒོ་རྒྱབ་པའི་གསལ་བསྒྲགས་སྤེལ་འདུག
དེ་ཡང་འདི་ཚེས་༡༦ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་སྒྲགས་ཤིག་སྤེལ་གནང་བའི་ནང་། འདི་ལོ་གསར་དུ་འདེམས་ཐོན་བྱུང་བའི་སྐབས་༡༣་པའི་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ནས། སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༧་ཚེས་༢༡་ཉིན་དབུས་གཞོན་ནུ་ལྷན་ཚོགས་ལ་ཡི་གེ་ཞིག་བཏང་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བ་ཡིན་ན། ནིའུ་ཡོག་དང་ནིའུ་ཇར་སེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་ལ་། དབུས་ལ་འབྲེལ་བ་ཡང་བྱེད་རྒྱུ་མིན་ཞེས་བྲིས་ཡོད། དེ་ཡང་ད་ལྟའི་སྐབས་༡༣་པའི་ནིའུ་ཡོག་དང་ནིའུ་ཇར་སེའི་རྒྱུན་ལས་ཁང་དེ་བཞིན། བློ་ཕམ་ཆེན་པོའི་ངང་ནས་གནས་སྐབས་རིང་སྒོ་རྒྱག་རྒྱུ་དང་། ས་གནས་སུ་བར་བརྒལ་འབྲེལ་མཐུད་པ་བཞི་དེ་ས་གནས་རྒྱུན་ལས་ཟུར་པའི་མང་མོས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱས་ཡོད་པར་། སྐབས་༡༣པའི་ནིའུ་ཡོག་དང་ནིའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ནས་སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༡་ཚེས་༢༠འི་གོང་དུ། ནིའུ་ཡོག་དང་ནིའུ་ཇར་སེའི་ས་གནས་གཞོན་ནུ་ལྷན་ཚོགས་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་གཙང་མ་དགོས་པ་དང་། དེ་རིང་སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༡༢་ཚེས་༡༦་ནས་བཟུང་། མ་འོངས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ལེན་ཡོད་པའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་འདེམས་མ་བྱུང་བར་། ནིའུ་ཡོག་དང་ནིའུ་ཇར་སེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་ཚབ་ནུས་པའི་ས་གནས་གཞོན་ནུ་ལྷན་ཚོགས་ཞིག་མེད་པས། ཚོགས་སྒེར་སུ་ཡིན་རུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་། ཚོགས་དར་། ལས་རྟགས་། ལས་དམ། ལས་ཤོག་སོགས་བེད་སྤྱོད་བྱེད་མི་ཆོག་པ་ནན་བརྗོད་བྱ་རྒྱུ་དང་། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ཚེ། དེ་ལས་བྱུང་བའི་གནད་དོན་གྱི་འགན་ཁུར་ཡོངས་རྫོགས་འཁུར་དགོས་པས། དེ་དོན་འབྲེལ་ཡོད་ཚོགས་སྒེར་ཚང་མས་དགོང་འཇགས་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་འདུག་པ་དང་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་ཀྱང་དེ་ལྟར་གསུངས་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎