རྒྱ་གཞུང་ནས་དུས་སྟོན་ཐོག་མཉམ་ཞུགས་དགོས་པའི་བཀའ་རྒྱ།

ཨ་མདོ་མཚོ་སྔོན་གཅན་ཚར་མདའ་རྩེད་དུས་སྟོན་ཞེས་པ་ཚུགས་སྐབས། ས་གནས་རྒྱ་ནག་གཞུང་གིས་བོད་མི་ཚོར་གཡུ་དང་བྱུ་རུ་སོགས་ཀྱི་བརྒྱན་ཆ་སྤྲས་ཏེ་དུས་སྟོན་དེའི་ཐོག་མཉམ་ཞུགས་དགོས་པའི་བཀའ་རྒྱ།

2012.10.11

༄༅།    །ཉེ་འཆར་ཨ་མདོ་མཚོ་སྔོན་གཅན་ཚར་མདའ་རྩེད་དུས་སྟོན་ཞེས་པ་ཚུགས་སྐབས།    ས་གནས་རྒྱ་ནག་གཞུང་གིས་བོད་མི་ཚོར་གཅན་གཟན་གྱི་ལྤགས་པའི་གྱོས་གོན་པ་དང༌། གཡུ་དང་བྱུ་རུ་སོགས་ཀྱི་བརྒྱན་ཆ་སྤྲས་ཏེ་དུས་སྟོན་དེའི་ཐོག་མཉམ་ཞུགས་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཅིང༌། གལ་ཏེ་བཀའ་རྒྱར་དྭངས་ལེན་མ་བྱས་ཚེ། ས་ཁུལ་དུ་རོགས་རམ་བཀའ་འགོག་བྱ་རྒྱུ་སོགས་ཀྱི་ཉེན་བརྡ་སྣ་ཚོགས་ཤིག་བཏང་པ་ལ་བརྟེན་ནས། བོད་མི་གང་མཚམས་ཞིག་གིས་དེ་ལྟར་གཟབ་ཆོར་སྤྲས་སྟེ་སླེབས་པར་ས་གནས་བོད་མི་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་སྟེ།    ངོ་རྒོལ་གྱི་སྦྱར་ཡིག་སྣ་ཚོགས་ཞིག་སྦྱར་འདུག སྦྱར་ཡིག་དེ་དག་གི་ནང་། རང་ཉིད་ཀྱི་ཁེ་ཕན་གཙོ་བཟུང་བྱ་མཁན་དང༌། མི་རིགས་ཀྱི་ཞབས་འདྲེན་མཁན་ཁག་ཅིག་གིས་རྒྱ་ནག་དམར་པོའི་ཤོག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན།    བརྒྱན་གོས་ངོམས་སྟོན་གྱི་གླུ་བླངས་པ་དང་། མདའ་འཕེན་པ། བྲོ་འཁྲབ་པ་སོགས་བྱས་པ་ནི།    འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་དང་མི་མཐུན་པས་མ་ཟད། བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཤ་ཁྲག་གཅིག་པའི་སྤུན་ཉེ་ཞིག་འདས་གྲོངས་སུ་ཕྱིན་རྗེས།    དེར་མྱ་ངན་གྱི་རྣམ་པ་ཙམ་མི་སྟོན་པ་ནི།    མི་རིགས་ཀྱི་གོམས་གཤིས་དང་འགལ་བ་ཡིན་ལ། ནང་པ་ཞིག་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་ལ་རྩིས་བཀུར་མི་བྱེད་པ་ཡང་མཚོན་རྒྱུ་ཡིན་པ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎