བོད་མི་བྲོས་བྱོལ་བ་གཉིས་འཛིན་བཟུང་།

བོད་ནས་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མི་གཉིས་བལ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། བོད་མི་གཉིས་པོ་དེ་དག་ལ་ལག་ཁྱེར་མེད་པར་ཕྱི་ནས་འབྱོར་བའི་མི་ཡིན་པར་བརྟེན་ནས་འཛིན་བཟུང་བྱས་སྐོར་བཤད་འདུག

2012.10.18

༄༅།    །འདི་གར་གནས་ཚུལ་འབྱོར་བ་ལྟར་ན།    ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་པའི་བུ་ཞིག་དང་བུ་མོ་ཞིག་བལ་ཡུལ་གྱི་བོམ་པ་རྫོང་Simikot  ས་གནས་ལ་འབྱོར་སྐབས།    བལ་ཡུལ་གྱི་ས་མཚམས་ཉེན་རྟོག་དམག་མིས་འདྲི་རྩད་བྱས་ཡོད་པ་དང་།    བོད་མི་དེ་གཉིས་བལ་ཡུལ་ནང་འཛུལ་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་མེད་པའི་ཉེས་འཛུགས་འོག་བཀག་གཉེར་བྱས་ཡོད་པ་རེད།
གནས་ཚུལ་འདིའི་ཐད་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་གསར་འགོད་པས་དྲི་བ་བྱེད་སྐབས།         ཁོང་ཚོས་གནས་ཚུལ་དེ་ཤེས་རྟོགས་བྱུང་མ་ཐག་ས་གནས་ཉེན་རྟོག་ལས་ཁུངས་ལ་འདྲི་རྩད་བྱས་པ་ཡིན།         གནས་ཚུལ་འདི་བདེན་པ་རེད་།        ཁོང་ཚོ་ལག་ཁྱེར་མེད་པར་ཕྱི་ནས་འབྱོར་བའི་མི་ཡིན་པར་བརྟེན།    འདྲི་རྩད་རིམ་པ་བྱས་པའི་བརྒྱུད་བལ་ཡུལ་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱེད་འཆར་ཡོད་སྐོར་བཤད་ཡོད་པ་རེད།
གནས་ཚུལ་འདི་ཞིབ་རྩད་སྐབས།    བོད་མི་གཉིས་པོ་དེ་བུ་བློ་བཟང་དང་བུ་མོ་ཀུན་བཟང་ལྷ་མོ་གཉིས་ཡིན་པ་དང་།    ཁོང་གཉིས་བོད་ཀྱི་ཁམས་མངའ་ཁུལ་ནས་ཡིན་པ་ཤེས་རྟོག་བྱུང་ཡོད་པ་རེད།           ཁོང་གཉིས་འཛིན་བཟུང་བྱ་ས་བོམ་ལ་རྫོང་ནི་བལ་ཡུལ་དང་བོད་ས་འབྲེལ་མཐའ་མཚམས་ཀྱི་རྫོང་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎