ཉི་ཧོང་དུ་གནས་སྡོད་བོད་མིས་སྨོན་ལམ་འདུ་འཛོམས།

ཉི་ཧོང་ནང་གི་བོད་མི་ཚོས་རྒྱལ་ས་ཀྲོ་ཀྱོར་ཡོད་པའི་གོ་ཀོ་ཀུ་ཇི་དགོན་པར་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་ཤིག་གནང་འདུག།

2011.03.21

༄༅༎ཉེ་དུས་ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆག་ཆེན་པོ་ཕོག་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེར། ཉི་ཧོང་ནང་གི་བོད་མི་ཚོས་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཀྲོ་ཀྱོ་རུ་ཡོད་པའི་གོ་ཀོ་ཀུ་ཇི་དགོན་པར་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་ཤིག་གནང་འདུག།

བཙན་བྱོལ་བོད་གཞུང་གི་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ ཚེ་དབང་རྒྱལ་པོ་ལགས་ཀྱིས་རང་བཞིན་འབྱུང་བའི་གོད་ཆག་ནང་ཚེ་སྲོག་ཤོར་བ་ཚོའི་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཞུ་རྒྱུ་དང༌། རྗེས་ཤུལ་ཚོ་མགྱོགས་ནང་མྱུར་དུ་གནས་སྟངས་སྔ་སོར་ཆུད་པའི་སྨོན་འདུན་ཞུ་གི་ཡོད་ཅེས་གསུངས་བཞག།

ད་རེས་ཉི་ཧོང་ནང་རང་བཞིན་འབྱུང་བའི་རྐྱེན་ངན་ཆེན་པོ་དེ་ལྟ་བུ་བྱུང་པ་དེས་རྒྱལ་ཁབ་བསྐྱར་གསོའི་ལས་དོན་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཌོ་ལར་ཐེར་འབུམ་༢༣༥ཙམ་གནས་རྒྱུ་ཡིན་པ་མ་ཟད།བསྐྱར་གསོའི་ལས་དོན་ལ་དུས་ཡུན་ལོ་ལྔ་ཙམ་འགོར་སྲིད་རྒྱུ་ཡིན་སྐོར་འཛམ་གླིང་དངུལ་ཁང་གིས་དེ་རིང་གསུངས་བཞག།

ཕྱི་ཟླ་༣ཚེས་༡༧བར་ཉི་ཧོང་གཞུང་དང་སྒེར་གྱི་ལས་ཁང་ཁག་གིས་ཚོད་དཔག་གནང་བའི་གྱོང་གུན་གྱི་ཚད་གཞི་དམའ་སར་བཞག་པ་ཡིན་ནས་ཌོ་ལར་ཐེར་འབུམ་༡༢༢ཙམ་ལ་སླེབས་ཀྱི་ཡོད་པ་རེད། འཛམ་གླིང་དངུལ་ཁང་གི་ཁུལ་དེའི་དཔལ་འབྱོར་སྤྱི་ཁྱབ་ལྦིཀ་རམ་ནེ་རུའུ་ཡིས་ ད་རེས་ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆག་ཤུགས་ཆེ་བྱུང་བའི་ཐོག་རྡུལ་ཕྲན་གློག་ཤུགས་བཟོ་གྲྭ་ཁག་ལ་འབར་གས་བྱུང་བའི་དོན་རྐྱེན་གྱིས་ཉི་ཧོང་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་བཟོས་ཡོད་སྟབས། དཀའ་ངལ་ཅན་གྱི་གནས་སྟངས་དེའི་ཐོག་ནས་མཐར་ཐབས་སུ་ལོ་མང་འགོར་སྲིད་རྒྱུ་ཡིན་སྐོར་སིང་ག་པོར་དུ་འགྲེལ་བརྗོད་གནང་བཞག།

ཡང་ཁོང་གིས་ ཉི་ཧོང་ནང་བྱུང་བའི་གོད་ཆག་དེས་ ཨེ་ཤི་ཡ་སྤྱི་ཡོངས་ཀྱི་དཔལ་འབྱོར་ལ་ཁྱད་པར་བཟོ་རྒྱུ་ཡིན་ནའང༌། དངུལ་གྱི་ཐོག་ནས་དཔལ་འབྱོར་གྱི་གྱོང་གུན་དེ་ཙམ་ཕོག་རྒྱུ་ཡིན་པའི་སྔོན་ཚུད་ཚོད་དཔག་ད་ལྟ་ནས་བྱེད་ཡག་སྔ་དྲག་པའི་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎