ཐའེ་ལྦན་དུ་གསུམ་བཅུའི་དུས་དྲན་ཉིན་མར་མེའི་ཁྲོམ་སྐོར།
2010.03.11
༄༅༎ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་རུ་བོད་མི་དང་བོད་རྒྱབ་བསྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་ཐེངས་༥༡པའི་ཐོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད་༎
དེ་ཡང་ཁ་ས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༡སྲུང་བརྩི་ཞུ་བའི་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་རུ་བོད་མི་དང་བོད་དོན་རྒྱབ་བསྐྱོར་བ་རྣམས་ནས་དུས་ཚིགས་སྲུང་བརྩི་ཞུ་བའི་མཛད་རིམ་ནང་སྔ་དྲོ་ཚོུད་༡༠པའི་ཐོག་ཐའེ་པེ་གཙུག་ལག་སློབ་གཉེར་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་ དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དུས་ཚིགས་ངོ་སྤྲོད་ཀྱི་གསུང་བཤད་གནང་པ་དང་སྦྲགས་གསར་འགོད་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དེ་རྒྱ་ཡིག་ཐོག་ཕབ་བསྒྱུར་གྱིས་འགྲེམས་སྤེལ་ཞུས་ཡོད་པ་རེད་ དགོང་དྲོ་ཚོུད་༧པའི་ཐོག་ཐའེ་ལྦན་བོད་མིིའི་སྤྱི་ཚོགས་དང་ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་རྣམས་ནས་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ཅང་ཀའེ་ཤེཀ་དྲན་རྟེན་གྱི་ཚོགས་ཁང་གི་རྒྱལ་སྒོའི་མདུན་དུ་༢༠༠༨ལོར་བོད་ཀྱི་ཞི་རྒོལ་ཆེན་མོིའི་ནང་ རྒྱ་ནག་གཞུང་གི་དྲག་གནོན་འོག་རྐྱེན་འདས་སུ་སོང་བའི་བོད་མི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་བཏུད་ཞུ་ཆེད་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་རེད་༎