བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པར་བདམས།

བློ་བཟང་སེང་གེ་ལགས་སུ་བཙན་བྱོལ་བོད་གཞུང་གི་མི་མང་འོས་བསྡུའི་ལམ་ལུགས་ཀྱི་ཐོག་ནས་བཀའ་བློན་ཁྲི་པར་འོས་འདེམས་བྱུང་འདུག

2011.04.27

༄༅༎བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་དམིགས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀྲིས་དབང་འདུས་ལགས། བློ་བཟང་སེང་གེ་ལགས་བཅས་གསུམ་ཡོད་པའི་ཁོངས་ནས་དེ་རིང་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་དོན་ལྟར་ན། ཨ་མི་རི་ཀའི་སྦོ་སོ་ཀྲོན་ས་གནས་སུ་བཅའ་བཞུགས་ཧ་ཝདྲ་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་བློ་བཟང་སེང་གེ་ལགས་སུ་བརྒྱ་ཆ་ལྔ་བཅུ་ང་ལྔ་ཐོབ་ནས་བཙན་བྱོལ་བོད་གཞུང་གི་མི་མང་འོས་བསྡུའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱེད་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འོས་འདེམས་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎