བོད་ནང་དཔལ་འབྱོར་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ།

བོད་ཀྱི་ས་ཁུལ་གང་སར་མཚོན་དོན་དང་འབྲེལ་བའི་དཔལ་འབྱོར་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

2008.05.08

༄༅༎ཉེ་ལམ་བོད་ཀྱི་ས་ཕྱོགས་གང་སར་བོད་མིའི་ཞི་རྒོལ་གྱི་ལས་འགུལ་དང་ལས་འགུལ་དེའི་ཐོག་ རྒྱ་ནག་གི་དྲག་གནོན་དང་དམ་བསྒྲགས་ཀྱི་སྲིད་ཇུས་ལག་སྟར་མུ་མཐུད་བྱེད་བཞིན་པའི་རྐྱེན་གྱིས་ ད་ཆ་བོད་ཀྱི་ས་ཁུལ་གང་སར་མཚོན་དོན་དང་འབྲེལ་བའི་དཔལ་འབྱོར་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་ བོད་ནང་འགྲིམ་འགྲུལ་དང་འགྲུལ་བསྐྱོད་བྱ་ཕྱོགས་ཐད་ རྒྱ་ནག་གཞུང་གི་དམ་བསྒྲགས་བཀག་སྡོམ་ལ་བརྟེན་ནས་ རྒྱུན་ལྡན་དཔལ་འབྱོར་གྱི་ཆ་ནས་ཡུལ་བསྐོར་སྤྲོ་འཆམ་ལ་བརྟེན་པས་ བོད་ཀྱི་ས་ཁུལ་ཁག་གཅིག་ནང་ དཔལ་འབྱོར་ཉམས་ཉེས་ཀྱི་ཤུགས་རྐྱེན་དང་ མཚོ་བརྟེན་གྱི་དཀའ་ངལ་ཆེན་པོ་ཆགས་ཡོད་པ་ནི་ བོད་ཨ་མདོ་བླ་བྲང་ཁུལ་གྱི་གནས་སྟངས་ལས་འབྲེལ་འདུག གནས་ཚུལ་ནང་འཁོད་པར་གཞིགས་ན་ རྒྱ་ནག་གི་ཀང་སུ་ཞིང་ཆེན་ནང་ཚུད་པའི་ཨ་མདོ་བླ་བྲང་དེ་བཞིན་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་ལྷག་པར་དུ་དུས་རབས་༡༨ནང་ཆགས་པའི་བླ་བྲང་བཀྲིས་དཀྱིལ་དགོན་པའི་མཚན་སྙན་ལ་བརྟེན་ནས་ ཡུལ་བསྐོད་སྤྲོ་འཆམ་པའི་ལྟེ་གནས་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེ་སྔ་ཡིན་ན་ ཁུལ་དེའི་ནང་ཉིན་ལྟར་ཡུལ་བསྐོར་སྤྲོ་འཆམ་པ་སྐྱེལ་འདྲེན་བྱ་མཁན་སྤྱི་སྤྱོད་རླངས་འཁོར་བསྟུད་མར་འབྱོར་གྱི་ཡོད་རུང་ ད་ཆ་ཧ་ལམ་མཚམས་འཇོག་ལྟ་བུར་སོང་སྟེ་ དཔེར་ན་ སྔ་ལོ་ཁུལ་དེའི་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཁྱོན་༡༠༠༠༠ཅིག་ལ་ལྷག་འབྱོར་ཀྱང་ ད་ཆ་བརྒྱ་ཆ་༨༠ཙམ་གྱི་ཉུང་དུ་སོང་ཡོད་པ་རེད་ དེ་ལྟ་བུའི་ཡུལ་བསྐོད་སྤྲོ་འཆམ་པའི་གྲངས་འབོར་ཉམས་ཉེས་ཀྱི་རྒྱུ་རྐྱེན་ནི་ བོད་ནང་ཞི་རྒོལ་གྱི་ལས་འགུལ་ལ་རྐྱེན་པས་ རྒྱ་ནག་གཞུང་གིས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་འགྲུལ་བསྐྱོད་བཀག་སྡོམ་བྱས་པ་དང་ཆབས་ཅིག་བླ་བྲང་གཙོས་པའི་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གི་དམག་མི་འབོར་ཆེན་འགྲེམས་མཇོག་བྱས་པའི་གནས་སྟངས་ལ་བརྟེན་ནས་ཡིན་པར་འཁོད་འདུག ཡུའན་ཤི་ཤཱ་ ཟེར་བའི་བླ་བྲང་མགྲོན་ཁང་ཞེས་པའི་སྦྱིན་བདག་གིས་ བླ་བྲང་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཉུང་དུ་སོང་བའི་རྒྱུ་རྐྱེན་དེ་ནི་ཉེ་སྔོན་ཕྱི་ཟླ་༣པའི་ནང་བོད་ནང་ཞི་རྒོལ་གྱི་དོན་རྐྱེན་ལ་ཐུག་གི་ཡོད་པ་དང་ ངས་བླ་བྲང་གི་ལམ་གཞུང་ཐོག་ཡུལ་བསྐོར་སྤྲོ་འཆམ་པའི་སྤྱི་སྤྱོད་རླངས་འཁོར་མ་མཐོང་པར་ཉིན་མ་མང་པོ་ཕྱིན་སོང་ཞེས་བསམ་ཚུལ་བཤད་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎