ཞི་ཅིན་ཕིང་ལ་ངོ་རྒོལ།


2013.06.12
བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
བོད་ཀྱི་གྲོགས་པོ་ཚོགས་པ།

༄༅།    །ཟླ་འདིའི་ཕྱི་ཚེས་༧ དང་༨བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱིས་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་མཇལ་འཕྲད་གནང་ཡོད་པ་དང་། དབུ་ཁྲིད་རྣམ་གཉིས་མཇལ་མོལ་གནང་ཡུལ་གྱི་ཕྱི་རོལ་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་རྔམ་སྟོན་བྱེད་མཁན་དང་དགའ་བསུ་བྱེད་མཁན་གྱི་ཕྱོགས་ཁག་གཉིས་ཀྱིས་རུ་བསྒྲིགས་བྱས་ཡོད་པ་རེད།
དེ་བཞིན་ཐེངས་འདིའི་རྒྱ་ནག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡའི་ལྷན་ཚོགས་སྐབས། ཚོགས་ཁང་ཕྱི་རོལ་དང་ལམ་གཡས་གཡོན་གྱི་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་རྔམ་སྟོན་གནང་ཡོད་པ་རེད། ཁོང་ལ་ངོ་རྒོལ་བྱེད་མཁན་ཁོངས་ད་དུང་།    ཆོས་འཁོར་སྒོམ་བསྒྲུབ་ཚོགས་མི་དང་དྲུག་བཞིའི་མང་གཙོ་དོན་གཉེར་ཡོད་པ་བཅས་ཁྱོན་མི་གྲངས་༢༠༠ ལྷག་གིས་འཕྲེད་དར་དང་རྒྱལ་དར་སོགས་འཕྱར་ཏེ། ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག
ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱིས་ཉིན་གཉིས་རིང་གི་མཇལ་འཛོམས་དེ་རེས་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་མཇལ་འཕྲད་སྐབས་དྲ་རྒྱའི་བདེ་འཇགས་གནད་དོན་དང་།    བྱང་ཀོ་རི་ཡའི་རྡུལ་ཕྲན་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་གནང་ཡོད་པས་མ་ཟད། ཕྱོགས་ཁ་ཤས་ཀྱི་ཐད་ལ་གྲོས་མཐུན་ཡང་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎