བོད་མི་ཚོས་གསུམ་བཅུའི་དུས་དྲན་རྣོ་ངར་ལྡན་པ་ཞིག་གནང་རྒྱུ།

རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་རྣོ་ངར་ལྡན་པ་ཞིག་གནང་རྒྱུ།

2009.03.09

༄༅༎རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་རྣོ་ངར་ལྡན་པ་ཞིག་གནང་རྒྱུ་ཡིན་སྐོར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་བོད་མིའི་དུས་དྲན་དང་དུས་ཆེན་ཁག་གཞི་རྒྱ་ཆེན་པོ་མེད་པ་དང་མཆོད་འབུལ་གནང་ནས་སྲུང་བརྩི་ཞུ་དགོས་སྐོར་བཀའ་གནང་ཡོད་ཀྱང་བཙན་བྱོལ་ནང་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་དེ་རྣོ་ངར་ལྡན་པ་ཞིག་གནང་རྒྱུ་ཡིན་སྐོར་གསུངས་འདུག

རྒྱ་གར་བཞུགས་སྒར་རྡ་རམ་ས་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་གསུམ་བཅུའི་དུས་དྲན་གྱི་ཉིན་དེར་བོད་མི་ཆིག་ཁྲི་སྐོར་ཞིག་གིས་ལས་འགུལ་ནང་ཞུགས་རྒྱུ་ཡིན་པ་དང་དེའི་དམིགས་ཡུལ་ནི་རྒྱ་ནག་དང་འཁོན་འཛིན་དེ་ཇེ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག ཡང་ཁོང་གིས་སྐབས་དེར་གནས་ཚུལ་གང་ཡང་ཡོང་སྲིད།ངོ་རྒོལ་གྱི་ལས་འགུལ་དེ་གཞི་རྒྱ་ཧ་ཅང་གི་ཆེན་པོ་ཞིག་ཡོང་གི་རེད་ཅེས་གསུངས་འདུག ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྟན་འཛིན་ནོར་བཟང་ལགས་ཀྱིས་༸གོང་ས་མཆོག་གིས་བཀའ་ཇི་གནང་ཡང་ང་ཚོས་སྐད་འབོད་བྱེད་མ་ཆོག་པ་མ་རེད་ཅེས་གསུངས་པ་དང་གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་གྱི་ལས་འགུལ་དེ་བཞུགས་སྒར་རྡ་རམ་ས་ལ་གཙོས་རྒྱལ་ས་ལྡི་ལི་དང་གཞན་ཡང་རྒྱ་གར་གྱི་གྲོང་ཁྱེར་ཁག་མང་པོའི་ནང་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག དེ་བཞིན་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བོད་མི་རྣམས་ཀྱི་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་དེ་ཤུགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག རྒྱ་གར་གཞུང་ཕྱོགས་ནས་བཞུགས་སྒར་རྡ་རམ་ས་ལ་དང་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་སྲུང་སྐྱོབ་ཀྱི་ལས་དོན་དེ་གཞི་རྒྱ་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎