བོད་མིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་སྲིད་བློན་ལ་ངོ་རྒོལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གི་སྲིད་བློན་དབོན་ཅའ་བའོར་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེ།་

2010.12.15

༄༅༎དེ་རིང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གི་སྲིད་བློན་དབོན་ཅའ་བའོ་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་པ་དང་སྟུན་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེད་

ད་རེས་རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དང་སྟུན་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་ ངོ་རྒོལ་ནང་ཞུགས་མཁན་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་སྦྱར་ཚིག་འཁོད་པའི་ཤིང་སྦྱང་སོགས་འཁྱེར་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་ ངོ་རྒོལ་གནང་མཁན་ཚོས་རྒྱ་ནག་གི་སྲིད་བློན་གཟའ་པ་སངས་ཉིན་རྒྱ་གར་ནས་པ་ཀི་སི་ཐན་ཡུལ་དུ་ཕྱིར་ཐོན་མ་བྱས་བར་རྒྱ་གར་གྱི་ས་ཁུལ་ག་པར་ཕེབས་ཀྱང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་འདུག  

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིན་འཛིན་ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་དང་ལྷན་དུ་གཟའ་ཕུར་བའི་ཉིན་མཇལ་འཕྲད་གནང་བའི་སྐབས་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་ཕྱོགས་མཚུངས་བོད་བཙན་བཟུང་གི་ལོ་རྒྱུས་མཇུག་མ་སྒྲིལ་བར་ཁོང་རྣམ་པས་བོད་རང་བཙན་གྱི་འཐབ་རྩོད་མུ་མཐུད་གནང་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤེལ་བའི་གསལ་བསྒྲགས་ནང་འཁོད་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎