བོད་མིས་སྐུ་གཤེགས་བལ་ཡུལ་གྱི་སྲིད་བློན་ཟུར་པར་འདས་མཆོད།

བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་སྲིད་བློན་ཟུར་པ་གིར་ཇ་པར་སའ་རྡི་ཀོ་ཡེ་རེ་ལ་མཆོག་གི་འདས་མཆོད་སྨོན་ལམ་ཚོགས་ཡོད་པ་རེད།

2010.03.22

༄༅༎བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ནང་གནས་སྡོད་གནང་མཁན་བཙན་བྱོལ་བོད་མི་རྣམས་ཀྱིས་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་སྐུ་མདུན་དུ་བལ་ཡུལ་གྱི་སྲིད་བློན་ཟུར་པ་དང་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་དམ་པ་གིར་ཇ་པར་སའ་རྡི་ཀོ་ཡེ་རེ་ལ་མཆོག་གི་འདས་མཆོད་སྨོན་ལམ་ཚོགས་པ་དང་སྦྲགས་མཆོད་མེ་སྟོང་ཚར་ཕུལ་ཡོད་པ་རེད་

སྐབས་དེར་བལ་ཡུལ་ནང་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་བོད་མི་རྣམས་ཀྱིས་དམིགས་བསལ་མཆོད་འབུལ་གནང་བ་དེ་ནི་བལ་ཡུལ་གྱི་སྙན་གྲགས་ཅན་གྱི་མི་སྣ་མང་པོའི་ཁྲོད་ནས་གཅིག་མེད་པ་གྱུར་བ་དེར་མྱ་ངན་མཚོན་ཆེད་དུ་ཡིན་པ་དང་དམ་པ་དེ་ཉིད་ནི་ཆོས་ལུགས་དང་སྲིད་དོན་གྱི་ལྟ་གྲུབ་དབྱེར་མེད་ཐོག་མི་མང་ཚོར་རྟག་ཏུ་བྱམས་སྐྱོང་དང་ཐུགས་སེམས་བཟང་པོས་གཟིགས་སྐྱོང་གནང་མཁན་ཞིག་ཡིན་པ་རེད་ཅེས་གསུངས་འདུག ཡང་བོད་མི་བཀྲིས་ཕུན་ཚོགས་ཞུ་བ་ཞིག་གིས་བལ་ཡུལ་གྱི་སྲིད་བློན་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཁྲིལ་པོའི་རིང་འགྲོ་བ་མིའི་ཕན་བདེའི་ཆེད་ཕྱག་ལས་གནང་ཡོད་པ་རེད་ཅེས་གསུངས་འདུག

གཞན་ཡང་བལ་ཡུལ་ནང་གི་བོད་མི་རྣམས་ཀྱིས་དམ་པ་དེ་ཉིད་ཀྱི་ནང་མི་དང་རྗེས་ཤུལ་བུ་ཕྲུག་དེ་བཞིན་བལ་ཡུལ་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད་ དམ་པ་དེ་ཉིད་ཁ་ཉིན་རེས་གཟའ་སྤེན་པ་ཉིན་རྒྱུན་རིང་བསྙུན་ནས་སྐུ་གཤེགས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎