འདན་མའི་ཛ་དྲག་གི་གནས་སྟངས་ཆེད་ཟས་བཅད་ལས་འགུལ།


2014.08.21
འདན་མའི་ཛ་དྲག་གི་གནས་སྟངས་ཆེད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། འདན་མའི་ཛ་དྲག་གི་གནས་སྟངས་ཆེད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ།
མཐུན་འགྱུར་པར་རིས།

སེར་ཤུལ་འདན་མའི་ཛ་དྲག་གི་གནས་སྟངས་ཆེད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ངོ་རྒོལ་དང་ཟས་བཅད་ལས་འགུལ་སྤེལ་བཞིན་པ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གིས་སེར་ཤུལ་འདན་མའི་བོད་མིའི་ཐོག་མེ་མདའ་རྒྱབ་པ་དང་དྲག་གནོན་བྱས་པའི་ཁྲོད་སྔ་ཕྱིར་བོད་མི་མི་གྲངས་༥ཡི་ཚེ་སྲོག་ཤོར་བ་དང་། མང་པོར་རྨས་སྐྱོན་ཕོག་ཡོད་པ། ད་དུང་མང་པོ་བཀག་ཉར་འོག་ཡོད་པ་སོགས་ཉིན་འདི་དག་གི་འདན་མ་ཁུལ་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པར་བརྟེན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་བོད་མི་ཚོས་བསྟུད་མར་ངོ་རྒོལ་སྐད་འབོད་དང་ཟས་བཅད་ལས་འགུལ་སྤེལ་བཞིན་པ་དང་། དྭངས་བླངས་ལས་འགུལ་བ་དབང་འདུས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན། སྤྱི་ཚེས༢༠ཉིན་གྱི་དགོང་དྲོ་ནས་ནེའུ་ཡོག་ཁུལ་གྱི་བོད་མི་དངས་བླངས་པ་ཁག་གཅིག་གིས་སྣེ་ཁྲིད་བྱས་ནས་བོད་མི་ཚོས་རྒྱལ་ཚོགས་མདུན་ཆུ་ཚོད་༢༤རེས་མོས་བྱས་ནས་བསྡོམས་ཆུ་ཚོད་༤༨རིང་ཟས་བཅད་ཞི་བའི་ལས་འགུལ་སྤེལ་བཞིན་པ་ཡིན། ང་ཚོས་རྒྱལ་ཚོགས་ཀྱིས་བོད་དང་ལྷག་དོན་འདན་མ་ཁུལ་གྱི་ཛ་དྲག་གནས་ཚུལ་འདི་དག་འགན་ཁུར་ཐུགས་སྣང་ཡོང་བའི་ཞུ་འབོད་བྱེད་རྒྱུ་ཡིན་ཞེས་བརྗོད་བྱུང་།
དེ་བཞིན་ཟླ་བ་འདིའི་སྤྱི་ཚེས་༡༨ནས་༢༠བར་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དང་། རྒྱ་ནག་གཞུང་ཚབ་ཁག་གི་མདུན་བཅས་སུ། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་མིའི་མཐུན་ཚོགས། དངས་བླངས་བོད་མི་བཅས་ནས་མཉམ་དུ་གོ་སྒྲིག་སྣེ་ཁྲིད་བྱས་ཏེ་བོད་མི་མང་པོ་ཞིས་གིས། རྒྱ་གཞུང་གི་དྲག་གནོན་བྱ་སྤྱོད་ལ་ངོ་རྒོལ་དང་། ལྷག་པར་འདན་མ་གཙོས་བོད་མིའི་ཐོག་མེ་མདའ་གོ་མཚོན་བེད་སྤྱད་ནས་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་སྐད་འབོད་བྱས་ཡོད་པ་དང་། དེ་མཚུངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་ཚོས་ཨ་རིའི་གྲོང་ཁྱེར་Bostonདང་། San Francisco, རྒྱ་གར་ལྡི་ལི། རྡ་རམ་སཱ་ལ། དབྱིན་ཡུལ་ལོན་ཊོན་བཅས་སུ་ཡང་འདན་མའི་ཛ་དྲག་གི་གནས་སྟངས་ཆེད་ལས་འགུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎