སྲས་འཇིགས་མེད་གཤེཌ་པ་ནི་རང་བཙན་ལས་འགུལ་གྱི་གྱོང་གུན།

བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཇིགས་མེད་ནོར་བུ་ལགས་དམ་པ་འདི་ཉིད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག།

2011.02.16

༄༅༎ཕྱི་ཟླ་གཉིས་པའི་ཚེས་༡༤ཨ་རིའི་ནང་གི་དགོང་དྲོའི་ཕྱག་ཚོད་བདུན་དང་ཕྱེད་ཁ་ཙམ་གྱི་ཐོག་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཨ་རིའི་མངའ་སྡེ་ཕོ་ལོ་རི་གྲར་ནང་བོད་རང་བཙན་ཆེད་གོམ་བགྲོད་གནང་བཞིན་པའི་སྐབས་གློ་བུར་མོ་ཊས་རྡུང་ཁ་རྒྱབ་ཏེ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་ལྟར་ དེ་རིང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དམ་པ་དེ་ཉིད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་ཏེ་སེར་སྐྱ་མི་མང་བརྒྱ་གྲངས་འཛོམས་ཡོད་པ་དང་ ཆོས་འབུལ་སྨོན་ལམ་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་འཇིགས་མེད་ནོར་བུ་ལགས་དམ་པ་དེ་ཉིད་གློ་བུར་སྐུ་ཚེ་མ་ཟིན་པ་དེས་བོད་རང་བཙན་གྱི་འཐབ་རྩོད་སླར་གསོའི་ལས་འགུལ་ལ་གྱོང་གུན་ཆེན་པོ་ཞིག་ཡིན་པ་གསུང་ཡོད་པ་རེད་  དེ་མིན་ཕྱི་ཚེས་༡༥འི་དགོང་མོ་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་མངའ་ཁུལ་བོད་མི་ཚོས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་དམ་པ་དེ་ཉིད་ཀྱི་ཆེས་མཆོད་འབུལ་སྨོན་ལམ་ཚུགས་གནང་ཡོད་པ་དང་ དེ་བཞིན་ལོན་ཀྲོན་ནང་རྟེན་གཞི་བྱས་པའི་བོད་རང་བཙན་ཐོབ་ཐང་ཚོགས་པས་ཀྱང་འཇིགས་མེད་ནོར་བུ་ལགས་དམ་པ་འདི་ཉིད་ཀྱི་ཆེད་སྨོན་ལམ་མཆོད་འབུལ་གནང་ཡོད་པ་སོགས་བོད་མི་གནས་སྡོད་ས་གནས་མང་པོ་ཞིག་ནང་དམ་པ་འདི་ཉིད་ཀྱི་ཆེད་སྨོན་ལམ་མཆོད་འབུལ་གནང་ཡོད་པ་རེད་ ད་ལོ་དགུང་གྲངས་༤༥ར་ཕེབས་ཀྱི་ཡོད་པའི་འཇིགས་མེད་ནོར་བུ་ལགས་དམ་པ་འདི་ཉིད་ནི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་ཆུང་ཤོས་དེ་ཡིན་པ་དང་ ཁོང་གི་ཡབ་དམ་པ་སྐུ་འཚོ་བཞུགས་སྐབས་ནས་བོད་རང་བཙན་གྱི་ཆེད་གོམ་བགྲོས་ནང་བཞུགས་གནང་ཡོད་པ་མ་ཟད་ སྐུ་ཚེ་ཧྲིལ་པོ་དེའི་ནང་ཡབ་དམ་པའི་རྗེས་སུ་འབྲངས་ཏེ་མུ་མཐུད་ནས་ཨ་རིའི་མངའ་ཁུལ་མང་པོ་ཞིག་དང་ དེ་བཞིན་ཁེ་ན་ཌ་དང་ཐེ་དབན་སོགས་ནང་འཛམ་གླིང་ཞི་བདེ་དང་ཡང་དགོས་བོད་རང་བཙན་གྱི་ཆེད་གོམ་བགྲོས་དང་སྦག་སྦག་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཐེངས་བཅུ་གྲངས་སྤེལ་མྱོང་ཡོད་པ་དང་ ད་རེས་སྐུ་ཚེ་མ་ཟིནཔའི་སྐབས་ལ་ཡང་ཨ་རིའི་ཕོ་ལོ་རི་གྲར་མངའ་སྡེའི་ནང་གོམ་བགྲོད་གནང་བའི་སྐབས་ཡིན་པ་དང་དམ་པ་འདི་ཉིད་ཀྱི་ཤུལ་ལུས་སུ་སྐུ་ཟླ་དང་སྲས་སྲོས་གསུམ་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎