ནང་ཆེན་རྫོང་དུ་བོད་མིས་ཞུ་འབོད་ངོ་རྒོལ་དང་འཇུ་བཟུང་བྱས་བ།


2015.08.26
བོད་མི་བརྒྱ་ཕྲག་བརྒལ་བས་ནང་ཆེན་རྫོང་གི་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་ངོ་རྒོལ་ བོད་མི་བརྒྱ་ཕྲག་བརྒལ་བས་ནང་ཆེན་རྫོང་གི་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་ངོ་རྒོལ་སྐབས། ༢༠༡༥།༨།༢༦
བོད་འབྱོར།

བོད་མི་བརྒྱ་ཕྲག་བརྒལ་བས་ནང་ཆེན་རྫོང་གི་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་ངོ་རྒོལ་བྱས་རྗེས་བོད་མི་ཁག་གཅིག་འཇུ་བཟུང་བྱས་འདུག
གནས་ཚུལ་ལྟར་ན། ནང་ཆེན་རྫོང་གི་དཔལ་འབྱོར་ཡར་རྒྱས་ལྷན་ཁང་གིས་ཉེ་ཆར་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་ལ་སྡོད་ཁང་གསར་རྒྱག་དང་། ཕྲུ་གུར་སློབ་ཡོན་གནང་རྒྱུ་སོགས་འཛུགས་བསྐྲུན་གྱི་ལས་གཞི་ཞིག་གསལ་བསྒྲགས་གནང་ཡང་གྲོང་ཚོ་དེ་ནས་ས་གནས་གཞན་དུ་ལས་ཀ་བྱེད་དུ་འགྲོ་མཁན་དང་། བུ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་ཆེད་རྫོང་གྲོང་དང་། ཁུལ་སོགས་ལ་གནས་སྤོས་ཟིན་པའི་དུད་ཁྱིམ་བརྒྱ་ལྷག་ལ་ལས་གཞི་དེའི་ཐོབ་ཐང་གནང་མེད་པར་བརྟེན་ཕྱི་ཟླ་༨ཚེས་༢༦ཉིན་གྱི་སྔ་དྲོར་ཐོབ་ཐང་མ་རག་པའི་མི་མང་ཚོས་རྫོང་སྲིད་གཞུང་ལ་བསྐྱར་དུ་དགོངས་བཞེས་ཡོང་བའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པ་རེད།
སྐུ་ཞབས་ཆོས་ཉིད་འོད་ཟེར་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཞུ་འབོད་ངོ་རྒོལ་བྱེད་མཁན་བོད་མི་བརྒྱ་ཕྲག་བརྒལ་བ་ཡོད་པ་དང་། ཁོང་ཚོས་ལག་ལ་འཕྱར་བའི་ཡིག་ཆའི་ནང་རྒྱ་ནག་གཞུང་གིས་དུས་རྒྱུན་ཁྱབ་བསྒྲགས་བྱེད་བཞིན་པའི་འབྱོར་ཕྱུག དམངས་གཙོ། དཔལ་ཡོན། འཆམ་མཐུན། དྲང་བཞག་ཁྲིམས་སྐྱོང་ཞེས་པ་སོགས་བཀོད་ཡོད་པ་ངོ་སྤྲོད་གནང་བྱུང་།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། རྒྱ་གཞུང་གི་དཔོན་རིགས་ཚོས་མི་མང་གི་ཞུ་གཏུགས་ལ་བསམ་གཞིགས་བྱ་རྒྱུའི་ཚབ་ཏུ་ཞི་བའི་ཁྲོམ་སྐོར་གྱི་སྣེ་ཁྲིད་གནང་མཁན་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎