སྲིད་སྐྱོང་རྡོ་རྗེ་མཁའ་འགྲོ་མཆོག་ཆེད་འདས་མཆོད།

བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཀྱི་སྨོན་ལམ་ཆོས་འབུལ་རྒྱ་ཆེ་གནང་ཡོད་པའི་གནས་ཚུལ།

2011.05.05

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་ཆོས་རིགས་ལས་ཁུངས་ཀྱི་གོ་སྒྲིགས་འོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་བ་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་ལགས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་ལ་རྐྱེན་པས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ལས་འཕྲོས་དེ་ དམ་པ་དེའི་ཆེད་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཀྱི་སྨོན་ལམ་ཆོས་འབུལ་རྒྱ་ཆེ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་བ་སྐུ་གཤེགས་དམ་པ་རྡོ་རྗེ་མཁའ་འགྲོ་ལགས་དང་ཕྱག་རོགས་བཞི་བཅས་ཐད་འཕུར་བརྒྱུད་མོན་རྟ་དབང་ནས་མངའ་སྡེའི་རྒྱལ་སར་འཕུར་བསྐྱོད་གནང་སྐབས་གནམ་གྲུ་རྡབ་སྐྱོན་ལ་རྐྱེན་པས་གནམ་གྲུའི་ཤུལ་ལྷག་དང་སྐུ་ཕུང་ཁ་ས་བརྙེད་སོན་བྱུང་ཡོད་པ་རེད་ སྐུ་ཞབས་རྡོ་རྗེ་མཁའ་འགྲོ་ལགས་སྐུ་གཤེགས་པའི་གནས་ཚུལ་ར་འཕྲོད་བྱུང་རྗེས་ བཙན་བྱོལ་བོད་གཞུང་བཀའ་ཤག་དང་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀའི་ཐོག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་བ་དམ་པ་འདི་ཉིད་སྐུ་གཤེགས་པར་ཨ་རུ་ན་ཅལ་མངའ་སྡེའི་མི་མང་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད་པ་དང་ ཁོང་སྐུ་ཚེ་མ་ཟིན་པ་དེ་ཐུགས་ཕམ་གྱི་གནས་ཚུལ་ཙམ་མ་ཟད་ཨ་རུ་ན་ཅལ་མངའ་སྡེ་དང་བོད་མི་སྤྱི་ཚོགས་གཉིས་ཀར་གྱོང་གུན་ཆེན་པོ་ཞིག་པའི་སྐོར་གསལ་འདོན་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎