རྒྱ་གར་གྱི་ཆུ་ལོག་གནོད་འཚེར་རོགས་སྐྱོབ་ལས་འཆར་སྐོར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉེ་ཆར་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་ས་རྒྱ་གར་གྱི་མངའ་སྡེ་སྦི་ཧའར་ནང་རོགས་རམ་འགོ་ཚུགས་འདུག

2008.09.05

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་ཟླ་བ་དྲུག་རིང་ལ་བོད་ཀྱི་རྩ་དོན་ཆེད་དུ་རྣོ་ངར་ཆེ་བའི་ལས་འགུལ་སྣ་མང་ཞིག་སྤེལ་བའི་རྗེས་དེ་རིང་རྒྱ་གར་གྱི་ནང་པའི་གནས་ཆེན་རྡོ་རྗེ་གདན་གནས་ཡུལ་གྱི་མངའ་སྡེ་སྦི་ཧའར་ནང་ཆུ་ལོག་གི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་བ་དེར་རོགས་རམ་གྱི་ལས་འགུལ་ཞིག་འགོ་བཙུགས་གནང་སྟེ་སྤྱི་ཚོགས་ཀྱི་ཕན་བདེའི་ཕྱག་ལས་གནང་བཞིན་ཡོད་པ་རེད།

བར་ལམ་རྒྱ་གར་གྱི་མངའ་སྡེ་སྦི་ཧའར་ནང་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ་མངའ་སྡེ་དེའི་ས་གནས་བརྒྱ་ཆ་༨༠ ཙམ་ཆུ་འོག་ཏུ་ཚུད་པ་དང་མི་དམངས་ས་ཡ་གཉིས་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་པ་མ་ཟད། མི་དམངས་སྟོང་ཕྲག་གཉིས་ལྷག་རྐྱེན་ལམ་དུ་ཕྱིན་པ། ད་དུང་མི་དམངས་སྟོང་ཕྲག་མང་པོར་ཛ་དྲག་གི་དགོས་གལ་ཆེ་བའི་ཟ་བཅའ་དང་འཐུང་ཆུའི་མཐུན་འགྱུར་མེད་པ་སོགས་རྒྱ་གར་ནང་འདས་པའི་མི་ལོ་༥༠ ནང་ད་རེས་ཀྱི་རང་འབྱུང་གནོད་འཚེ་ཚབས་ཆེ་དེ་ལྟ་བུ་བྱུང་མྱོང་མེད་པ་རེད།

དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་འབྱུང་གི་གནོད་འཚེར་རོགས་སྐྱོར་གྱི་རུ་ཁག་ཞིག་གསར་འཛུགས་གནང་སྟེ་རུ་ཁག་དེའི་ཐོག་ནས་གནོད་འཚེ་ཕོག་པའི་རྒྱ་གར་མི་དམངས་ཚོར་ཛ་དྲག་གི་རོགས་རམ་གྱི་འབྲེལ་མཐུད་གང་ཐུབ་བྱ་རྒྱུ་མ་ཟད། ཛ་དྲག་གི་དགོས་མཁོའི་རིགས་ཀྱི་མཐུན་རྐྱེན་རོགས་རམ་བྱ་རྒྱུ་ཡིན་པ་རེད། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་སྟེ་ གཞོན་ནུ་ལྷན་ཚོགས་ཀྱིས་གསར་འཛུགས་གནང་བའི་སྦི་ཧའར་མངའ་སྡེའི་ཆུ་ལོག་གནོད་འཚེའི་རོགས་སྐྱོར་རུ་ཁག་དེའི་ཐོག་ནས་སྦི་ཧའར་མངའ་སྡེའི་ནང་འཛུགས་སྐྲུན་བསྐྱར་གསོ་བྱ་རྒྱུར་རོགས་རམ་དུ་བསྐྱོད་མཁན་གྱི་མི་སྣ་བསྡུ་བསྐོང་བྱ་རྒྱུ་དང་ས་གནས་གཞོན་ནུ་ཚོགས་པ་ཁག་སོ་སོའི་ཐོག་ནས་གོས་དང་ཉལ་ཆས། ཟ་བཅའ། དཔལ་འབྱོར་གྱི་ཞལ་འདེབས་བསྡུ་རུབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎