བོད་མི་ཚོས་རྒྱ་གར་ལ་ཐུཌ་རྗེ་ཆེ་ཞུ་བའི་དུས་སྟོན་ཞིག་སྤེལ་འཆར།

བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་དུས་སྟོན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤེལ་གནང་རྒྱུའི་འཆར།

2009.03.09

༄༅༎བཙན་བྱོལ་བོད་གཞུང་གིས་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ནས་སུམ་ཅུ་བར་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མི་ཚོ་རྒྱ་ནག་གཞུང་གི་བོད་ལ་བཙན་འཛུལ་བྱས་ནས་རྒྱ་གར་ནང་བཙན་བྱོལ་དུ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་སྟུན་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་མི་བཙན་བྱོལ་བ་ཁྲི་སྟོང་མང་པོ་རྒྱ་གར་ནང་གནས་སྡོད་བྱ་རྒྱུ་བྱུང་བར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་དུས་སྟོན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤེལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

ལོ་ངོ་ལྔ་བཅུའི་གོང་བོད་ས་ཡོངས་སུ་རྒྱ་མིས་བཙན་འཛུལ་གྱིས་དབང་བསྒྱུར་བྱས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཁྲི་སྟོང་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཅིང་ད་རེས་བཙན་བྱོལ་གཞུང་གིས་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་དུས་སྟོན་དེའི་ཐོག་བོད་མིའི་ཚོགས་སྡེ་ཆེ་ཁག་རྣམས་ཟུང་འབྲེལ་ཐོག་ནས་གཙོ་བོ་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་ས་ཐོག་ཏུ་རང་ཉིད་ཀྱི་ཚོགས་སྡེ་དང་རིག་གཞུང་སློབ་གསོ་སོགས་ཀྱི་ལས་འགུལ་འཐུས་གུ་ཚང་བ་སྤེལ་ནས་འབྲས་བུ་བཟང་པོ་ཐོབ་པའི་དངོ་ཡོད་ཀྱི་དཔར་དང་བརྙན་འཕྲིན་སོགས་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་རྒྱ་གར་གྱི་མི་དམངས་ཚོར་རྒྱ་གར་གཞུང་དམངས་གཉིས་ཀྱི་ཐུགས་འཁུར་འོག་བོད་མི་ཚོ་བཙན་བྱོལ་བ་ཚོ་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་རང་དབང་ལྡན་པའི་ངང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎