བོད་མི་རྒྱ་གར་གྱི་འོས་བསྡུའི་ནང་མཉམ་ཞུགས་གནང་བ།


2016.03.28
རྡ་རམ་ས་ལའི་ས་གནས་རྒྱ་གར་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་བོད་མིས་འོས་ཤོག་བླུགས་བཞིན་པ། ༢༠༡༦།༣།༢༧ རྡ་རམ་ས་ལའི་ས་གནས་རྒྱ་གར་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་བོད་མིས་འོས་ཤོག་བླུགས་བཞིན་པ། ༢༠༡༦།༣།༢༧
tibetsun.com

རྡ་རམ་ས་ལའི་ས་གནས་རྒྱ་གར་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་བོད་མི་མང་པོ་ཞིག་གིས་ཆ་ཤས་བླངས་ཡོད་པ།
དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་རྡ་རམ་ས་ལའི་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུ་དེ། འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་༢༧་ཉིན་གནང་སྐབས་རྒྱ་གར་གཞུང་གིས་འོས་འཕེན་པའི་ངོ་སྤྲོད་ལག་འཁྱེར་ཡོད་མཁན་བོད་མི་མང་པོ་ཞིག་གིས་ཆ་ཤས་བླངས་གནང་ཡོད་པ་རེད། བོད་མི་མི་ཉུང་བ་ཞིག་གིས་ཉེ་ལམ་ནས་རྒྱ་གར་གཞུང་གི་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུའི་ཆེད་ངོ་སྤྲོད་ལག་དེབ་བཟོས་གནང་ཡོད་པ་དང་། ད་རེས་ཐེངས་དང་པོར་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་བོད་ཁྱིམ་ཉིན་མོའི་སློབ་གྲ་དང་། Bhagsu Nagཞེས་པའི་ས་གནས་སུ་འོས་འཕེན་རྒྱུའི་ལས་དོན་གོ་བསྒྲིགས་ཞུས་ཡོད་པ་རེད། སྐབས་དེར་འོས་ཤོག་འཕེན་མཁན་བཞུགས་སྒར་རྡ་རམ་ས་ལར་གཏན་སྡོད་མཁན་དགུང་གྲངས་༣༦་ལ་ཕེབས་པའི་བོད་པའི་བུད་མེད་ཚེ་རིང་དབྱངས་འཛོམས་ལགས་ཀྱིས། ད་རེས་ཁོང་རྒྱ་གར་གྱི་འོས་བསྡུའི་ནང་མཉམ་ཞུགས་གནང་བ་ཐོག་མ་ཞིག་ཡིན་པ་དང་། ད་རེས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་རྡ་རམ་ས་ལའི་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་པ་དེ་ཧ་ཅང་གི་དགའ་པོ་བྱུང་ལ་སྤོབས་པ་ཡང་ཡོད་ཅེས་གསར་འགོད་པར་གསལ་སྟོན་གནང་འདུག་ལ་ཡང་ཁོང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཕྱི་རྒྱལ་གྱི་མི་སེར་ཡིན་པ་ཚོར་རྒྱལ་ཁབ་དེའི་ནང་འོས་འཕེན་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་བཞིན་ང་རང་གིས་ཀྱང་ཐོབ་ཐང་དེ་ལེན་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསལ་སྟོན་གནང་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎