བོད་ཀྱི་གྲོགས་པོ་ཞེས་པས་བོད་མིར་རོགས་རམ་བྱེད་སྒོ།
2010.08.10
༄༅༎སི་ཡེ་ར་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་པ་དེ་ཡིས་ལོ་ལྟར་བཞིན་བོད་མིའི་དགེ་འདུན་པ་ཨ་མི་རི་ཀའི་མངའ་སྡེ་ནེ་ལྦ་ཌ་ནང་གདན་དུ་བྱས་ཏེ་བོད་ཀྱི་ཐོུང་མ་ཡིན་པའི་དཀྱིལ་འཁོར་བཞེངས་གྲུབ་གནང་གི་ཡོད་པ་རེད།
ཨ་མི་རི་ཀའི་ནུབ་མངའ་སྡེ་ནེ་ལྦ་ཌའི་སི་ཡེ་ར་ས་གནས་ནང་དུ་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པ་དེའི་ལས་དོན་གྱི་དམིགས་ཡུལ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དྲ་རྒྱ་ལས་དོན་ཡར་རྒྱས་གཏོང་རྒྱུ་དང༌། དྲ་རྒྱ་སོགས་དེང་རབས་ཀྱི་འཕྲུལ་རིག་ཐོག་ནས་སྨན་བཅོས་བྱེད་པའི་མཐུན་འགྱུར་སྐྲུན་རྒྱུ། ཕྱོགས་ཕན་ཚུན་རིག་གཞུང་སྤེལ་རེས་བྱ་རྒྱུ། གཟབ་སྦྱོང་གི་སྦྱོང་བརྡར་སྤྲོད་རྒྱུ། དབྱིན་ཡིག་སློབ་ཁྲིད་བྱེད་པ་སོགས་ལས་དོན་སྤེལ་བ་བརྒྱུད་བཙན་བྱོལ་བོད་མིའི་ནང་ཤེས་ཡོན་གྱི་བར་ཁྱད་དེ་ཁ་གསབ་བྱ་རྒྱུ་ཡིན་པ་རེད། སི་ཡེ་ར་བོད་ཀྱི་གྲོགས་པོ་ཚོགས་པ་དེ་ནི་ཕྱི་ལོ་༢༠༠༣ ལོར་གསར་འཛུགས་བྱས་ཏེ། ཚོགས་པ་དེ་ཡིས་ལས་དོན་ཡོངས་རྫོགས་སྤྱི་ཚོགས་ཕན་བདེ་གྲུབ་པ་ལས་ཚོགས་པའི་ཁེ་ཕན་སྐྲུན་རྒྱུའི་དམིགས་ཡུལ་ཞིག་མིན་ཞིང༌། ཚོགས་པ་དེའི་ལས་དོན་གྲུབ་ཆའི་དམིགས་ཚད་འཛིན་ས་ནི།་བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུར་ནང་ཆོས་བསླབ་པ་སློབ་གཉེར་གྱི་གོ་སྐབས་མ་ཐོབ་པ་དང༌། དམིགས་བསལ་བོད་ནང་དུ་སློབ་གཉེར་མ་འཐོབ་པའི་བོད་ཕྲུག་རྒྱ་གར་སོགས་བཙན་བྱོལ་གྱི་དགོན་སྡེ་ཁག་ནང་སློབ་གཉེར་ཆེད་དུ་བཏང་བ་ཚོར་དེང་རབས་ཀྱི་འཕྲུལ་རིག་ཀྱི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྐྲུན་རྒྱུར་རོགས་སྐྱོར་བྱེད་པ་ཡིན། ད་བར་ཚོགས་པ་དེའི་ཐོག་ནས་བཙུན་མའི་དགོན་པ་གསུམ་ནང་ལ་དྲ་རྒྱ་བལྟ་ཀློག་བྱེད་རྒྱུ་ཡོད་པ་བཟོས་པ་དང༌། ད་དུང་མི་ལོ་༦༠༠ལྷག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་གཉིས་ནང་དྲ་རྒྱ་བལྟ་ཀློག་གི་ཆ་རྐྱེན་སྐྲུན་པ་མ་ཟད། རྒྱ་གར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གི་བོད་པའི་མཐོ་སློབ་ཁང་དང༌། སློབ་གྲའི་སྡོད་ཁང་སོགས་ནང་ཀམ་པུའུ་ཀྲར་བཙུགས་ཏེ། སློབ་ཕྲུག་ཚོར་སོ་སོའི་ནང་མི་དང་ཕན་ཚུན་འབྲེལ་གཏུགས་བྱེད་ཐུབ་པའི་ཆ་རྐྱེན་སྐྲུན་ཡོད་པ། བཙུན་མ་ཚོར་ཀམ་པུའུ་ཀྲར་སློབ་སྦྱོང་དུ་ཆེད་གཏོང་བྱས་ཏེ། རྗེས་སུ་གཞན་ལ་སློབ་ཁྲིད་བྱེད་ཐུབ་པ་སོགས་ཚོགས་པ་དེ་ཡིས་ཐད་ཀར་བོད་མི་དང་མཉམ་ལས་བྱས་ཏེ། བོད་པའི་བེུད་དང་བཙུན་མ་ཚོར་དྲ་རྒྱ་བརྒྱུད་ལས་ཀ་བྱེད་ཐུབ་པ་དང༌། བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་གོ་རྟོགས་སྤེལ་རྒྱུ་སོགས་ཡིན་པ་རེད།