འཇིགས་བྲལ་གློག་བརྙན་ལ་དམིགས་བསལ་བྱ་དགའ།

འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་སུ་མང་གཙོའི་དུས་ཆེན་དང་བསྟུན། རྒྱ་མིའི་Qi Shi རིག་གཞུང་ཐེབས་རྩ་ཁང་གིས་དམིགས་བསལ་གཟེངས་རྟགས་ཤིག་གནང་འདུག

2012.09.06

༄༅།   །ཨོ་ཀྲེ་ལི་ཡའི་ནང་རྟེན་་གཞི་བྱས་པའི་རྒྱ་མིའི་སྤྱི་ཚོཌ་ཀྱི་ལས་དོན་གཉེར་མཁན་གྱི་ཚོཌ་པ་Qi Shi རིག་གཞུང་ཐེབས་རྩ་ཞེས་པས་བཞུཌ་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲེམས་སྟོན་ཁང་ནང་མཛད་སྒོ་ཞིག་གནང་ནས་དོན་གྲུབ་དབང་ཆེན་ལཌ་སུ་རྒྱ་ནག་ཡར་ཐོན་སྐུལ་འདེད་དམིཌ་བསལ་གཟེངས་རྟགས་ཞེས་པའི་བྱ་དེ་གནང་ཡོད་པ་རེད།   བྱ་དགའ་དེ་དོན་གྲུབ་དབང་ཆེན་ལཌ་ཀྱི་སྐུ་ཚབ་གནང་སྟེ་ཁོང་གི་བོུ་ཆུང་ཤོས་རང་ལོ་༡༡ལ་སོན་པ་ལྷ་མོ་སྒྲོལ་མ་ལཌ་ཀྱིས་བཞེས་འདུག སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་མིའི་ཐེབས་རྩ་དེས་བོད་མི་ཞིག་ལ་གོང་ཞུས་བྱ་དགའ་གནང་བ་དེ་ནི་ཐེབས་རྩ་དེས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་ལེཌ་སྐྱེས་ཕུལ་བ་མཚོན་གྱི་ཡོད་ལུགས་གསུངས་གནང་འདུག

དོན་གྲུབ་དབང་ཆེན་ལཌ་ནི་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༣་པའི་ནང་རྒྱ་ནག་གཞུང་གིས་འཇིཌ་བྲལ་གློག་བརྙན་དང་འབྲེལ་བའི་ནག་ཉེས་བཙུཌ་ནས་འཛིན་བཟུང་བཙོན་འཇུག་བྱས་པ་དང་སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཚོཌ་པ་མང་པོས་དེར་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎