བོད་ནང་རྟོག་ཞིབ་གནང་རོགས།


2013.02.28
ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཕྱི་ཚེས་ ༢༦ ཉིན་ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་སྐུ་ཚབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལས་གྲུབ་པའི་བོད་དོན་ལྷན་ཚོགས་ཐེངས ༩༤ པ་ཚོགས་ཡོད་པ་རེད།  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན།    ལྷན་ཚོགས་ཐོག  བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ནས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།    རྒྱ་ནག་གཞུང་ནས་བོད་མིར་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་ཆེད་ད་བར་བོད་མི་ ༡༠༧ ནས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། རྒྱ་ནག་གཞུང་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་དང་འབྲེལ་བ་ཡོད་པར་བསྙད་དེ།  བོད་མི་ཁག་ཅིག་ལ་སྲོག་ཁྲིམས་དང་ཁག་ཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།  ཁོང་གིས་ད་དུང་།    ད་ལྟའི་ཆར་བོད་ནང་གི་བོད་མི་རྣམས་ཧ་ཅང་ཛ་དྲག་ཆེ་བའི་གནས་སུ་ལྷུང་ཡོད་པར་བརྟེན།  ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་འཕྲལ་མར་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎