བལ་ཡུལ་རྩ་ཁྲིམས་ཟིན་བྲིས་མཇུག་སྒྲིལ་གྱི་བྲེལ་ཟིང༌།

བལ་ཡུལ་གྱི་ཁྲིམས་བཟོ་མི་སྣ་ཚོས་ཡུལ་གྱི་རྩ་ཁྲིམས་གསར་བཟོ་ཟིན་བྲིས་མཇུག་སྒྲིལ་ཐུབ་རྒྱུའི་བྲེལ་ཟིང་ཆེན་པོ་གནང་བཞིན་ཡོད་པ་རེད།

2010.02.21

༄༅༎བལ་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་བྱས་ནས་ལོ་གཉིས་ཙམ་འགྲོ་གི་ཡོད་པའི་སྐབས་འདིར། བལ་ཡུལ་གྱི་ཁྲིམས་བཟོ་མི་སྣ་ཚོས་རྒྱལ་ཁབ་ཀྱི་མ་འོངས་འཛིན་སྐྱོང་ལམ་ལུགས་སྲ་བརྟན་ཡོང་ཐབས་སུ་ཡུལ་གྱི་རྩ་ཁྲིམས་གསར་བཟོ་ཟིན་བྲིས་མཇུག་སྒྲིལ་ཐུབ་རྒྱུའི་བྲེལ་ཟིང་ཆེན་པོ་གནང་བཞིན་ཡོད་པ་རེད།

བལ་ཡུལ་གྱི་འཕྲལ་སེལ་རྩ་ཁྲིམས་ཀྱི་དུས་ཡུན་རྫོགས་རྒྱུར་ཟླ་བ་གསུམ་ལས་ལྷག་མེད་ནའང༌། མ་འོངས་གཞུང་གསར་འཛུགས་དང་མངའ་སྡེ་མང་པོ་མཉམ་དུ་འདུས་པའི་རྒྱལ་ཁབ་གསར་འཛུགས་གནང་ཕྱོགས་སོགས་གཞི་རྩའི་གནད་དོན་མང་པོ་ཞིག་ཐོག་ཕྱོགས་ཕན་ཚུན་དབར་བསམ་ཚུལ་མ་མཐུན་པ་ད་ལྟའང་ཡོད་བཞིན་པ་རེད།

བལ་ཡུལ་དེ་བཞིན་དེ་སྔོན་རྒྱལ་པོས་དབང་སྒྱུར་བྱས་པའི་རྒྱལ་ལྡན་རྒྱལ་ཁབ་ཞིག་ནས་དམངས་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཞིག་ལ་བསྒྱུར་ཐུབ་པའི་ཡུལ་གྱི་རྩ་ཁྲིམས་གསར་པ་ཞིག་ཟིན་བྲིས་སྐྱོན་དགོས་ཡག་དེ་བལ་ཡུལ་གྱི་ད་ལྟའི་གནད་དོན་འགག་རྩ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན།ད་ཕན་ལོ་ངོ་བཅུ་ཕྲག་ཅིག་ཙམ་གྱི་རིང་མི་གྲངས་༡༦༠༠༠ཙམ་རྐྱེན་འདས་སུ་ཕྱིན་པའི་མའོ་ཤོག་ཁག་གི་འཇབས་དམག་གི་སླངས་བའི་ནང་འཁྲུག་དེ་དག་མཚམས་འཇོག་བྱུང་རྗེས་སླད་ཕྱིན་ཡུལ་དེ་བཞིན་ཞི་བདེ་འཕུགས་ཕེར་ལྡན་པ་ཞིག་ཆགས་དགོས་ཀྱི་ཡོད་སྟབས། རྩ་ཁྲིམས་ཟིན་བྲིས་གནང་ཡག་དེ་ཞི་བདེའི་འབྱུང་རིམ་གྱི་ཆ་ཤས་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎