རྒྱལ་སྤྱིའི་སྲོལ་རྒྱུན་སྨན་ཚོགས་ཐོག་སྨན་རྩིས་ཁང་མཉམ་ཞུགས།

སྦ་ར་ཛིལ་ནང་ཚུགས་རྒྱུའི་རྒྱལ་སྤྱིའི་སྲོལ་རྒྱུན་སྨན་གྱི་ཚོགས་ཆེན་ཐོག་བོད་གཞུང་སྨན་རྩིས་ཁང་མཉམ་ཞུགས་གནང་རྒྱུ་ཡིན་འདུག།

2008.09.04

༄༅༎དེ་ཡང་ནིའུ་ཡོག་དོན་གཅོད་ནས་དེ་རིང་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། སྐུ་ཚབ་དོན་གཅོད་ཁང་དང༌། སྦ་ར་ཛིལ་གྱི་སྨན་གྱི་སློབ་གཉེར་ཁང་སའོ་ པོ་ལོ་ཞེས་པ་གཉིས་ཐུན་མོང་གི་ཐོག་ནས་གོ་སྒྲིག་གནང་བའི་འོག་སང་ཉིན་ཚེས་ལྔ་དང་དྲུག་ཉིན་གཉིས་རིང་སྦ་ར་ཛིལ་གྱི་སའོ་ པོ་ལོ་གྲོང་ཁྱེར་ནང། ཚན་རིག་གི་ཐོག་ནས་སྲོལ་རྒྱུན་སྨན་སྦྱོར་གྱི་བེད་སྤྱོད་བྱེད་ཕྱོགས་ལ་བརྟག་དཔྱ་དང༌། དེ་བཞིན་སྲོལ་རྒྱུན་སྨན་གྱི་ལུས་སེམས་གཉིས་ཀའི་ཐོག་བཅོས་ཐབས་སོགས་ཀྱི་སྐོར་སྦྱང་བཤད་བགྲོ་གླེང་གནང་རྒྱུ་ཡིན་འདུག།

སྤྱིར་བཏང་དུས་རབས་མང་པོ་ཞིག་རིང་སྲོལ་རྒྱུན་སྨན་གྱི་ལམ་ལུགས་ཐོག་ནས་ནད་རྙིང་པའི་རིགས་དཔེར་ན། དབུགས་བསག་ན་ཚ་དང༌། ཕོ་བའི་ནད། གཅིན་སྙིའི་ནད། བྲད་ནད། སོགས་མང་པོ་ཞིག་བཅོས་ཐུབ་ཀྱི་ཡོད་པ་དང༌། དེ་བཞིན་ཟས་དང་སྤྱོད་ལམ་གྱི་ཐོག་ནས་སོ་སོའི་ལུས་པོའི་འཕྲོད་བསྟེན་ཙམ་མ་ཡིན་པར་ནང་སེམས་ཀྱི་བཅོས་ཐབས་ཀྱང་བྱེད་ཐུབ་ཀྱི་ཡོད་པའི་ཁྱད་ཆོས་ཚང་གི་ཡོད་པ་བཅས་ལ་བརྟེན་གནད་དོན་དེ་དག་གི་ཐོག་ནུབ་ཕྱོགས་པའི་ཚན་རིག་གི་ལམ་ནས་ཉམས་ཞིབ་གནང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་འདུག།

ཚོགས་ཆེན་འདིའི་ཐོག་བཙན་བྱོལ་བོད་གཞུང་གི་སྨན་རྩིས་ཁང་གི་ཨེམ་རྗེ་པད་མ་རྡོ་རྗེ་ལགས་དང༌། རྒྱ་གར་གྱི་སྨན་སྦྱོར་ཉམས་ཞིབ་ཁང་གི་འགན་འཛིན། དེ་བཞིན་རྒྱ་གར་གྱི་རྩ་རླུང་སྒོམ་གྲུབ་པའི་ཐོག་ཉམས་ཞིབ་ཚོགས་པའི་འབྲེལ་ཡོད། ཡང་སྦ་ར་ཛིལ་གྱི་འབྲེལ་ཡོད་སྨན་པ་དང༌། ཉམས་ཞིབ་པ་སོགས་མང་པོ་ཞིག་ལྷན་ཚོགས་འདིའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎