སྨན་རྩིས་ཁང་གི་དཔྱད་བཅོས་ཁང༌།
2013.07.23
༄༅༎ཕྱི་ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན། དྷ་སྟེང་བོད་ཀྱི་སྨན་རྩིས་ཡན་ལག་སྨན་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་དཔྱད་བཅོས་ཁང་ཞིག་གསར་དུ་དབུ་འབྱེད་གནང་ཡོད་པ་རེད་འདུག
སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་སྣང་གསལ་ཞལ་འབྱེད་གནང་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསར་འཛུགས་གནང་བའི་སྨན་རྩིས་ཁང་གི་འཇམ་དཔྱད་ཁང་དེའི་ལས་དོན་ལམ་ལྷོང་དང་མི་མང་ལ་ཕན་ཐོགས་ཆེན་པོ་ཡོང་བའི་སྨོན་འདུན་ཞུས་གནང་བ་དང་ཆབས་ཅིག བོད་ཀྱི་སྨན་རྩིས་ཁང་གི་རྒྱ་གར་དང་བལ་ཡུལ་དུ་ཡན་ལག་སྨན་ཁང་ལྔ་བཅུ་ལྷག་ཙམ་བཙུགས་ཡོད་པ་དེ་དག་གིས་། མི་མང་ལ་ཞབས་ཕྱི་ཞུ་བཞིན་ཡོད་པར་ང་ཚོ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།