རྒྱ་གར་གྱིས་ཕྱི་རྒྱལ་དུ་དངུལ་བཅོལ་མཁན་ཚོར་ཞིབ་བཤེར་བྱ་རྒྱུ།

རྒྱ་གར་གྱི་ཁྲིམས་ཁང་ཆེན་མོ་ནས་གཞུང་གིས་ལྐོག་དངུལ་གྱི་གནད་དོན་ཐོག་ནུས་པ་ལྡན་པའི་སྟངས་འཛིན་བྱེད་ཐུབ་མེད་པར་སྐྱོན་བརྗོད།

2011.07.04

༄༅༎ད་རིང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཁྲིམས་ཁང་ཆེན་མོ་ནས་བཀའ་རྒྱ་བཏང་བའི་ནང་། ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ཁང་ནང་ཁྲིམས་ལུགས་དང་མི་མཐུན་པའི་ཐོག་ནས་ལྐོག་དངུལ་བཅོལ་འཇོག་བྱེད་མཁན་ཚོའི་ཐོག་དམིགས་བསལ་ཞིབ་འཇུག་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་དང་ཆབས་ཅིག གཞུང་གི་ངོས་ནས་གནད་དོན་དེ་དག་གི་ཐོག་ནུས་པ་ལྡན་པའི་སྟངས་འཛིན་བྱེད་ཐུབ་མེད་པར་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད། དེ་ཡང་ཁྲིམས་ཁང་ཆེན་མོའི་བཀོད་ཁྱབ་ནང་། ལྐོག་དངུལ་གྱི་ལམ་ནས་རྒྱལ་ཁབ་ནང་ཁྲིམས་དང་མི་མཐུན་པའི་ལས་དོན་སྤེལ་རྒྱུ་དང་ལྷག་པར་དུ་རྒྱལ་ཁབ་ལ་གནོད་སྐྱོན་གཏོང་གཞིའི་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་ཡོད་པ་དང་། དེ་ཚོའི་ཐོག་གཞུང་གི་འབྲེལ་ཡོད་ཚོས་དོ་ནན་པོའི་ཐོག་ནས་ཞིབ་འཇུག་བྱེད་ཀྱི་མེད་པར་ཐུགས་འཚབ་ཡོད་ཅེས་བཀོད་ཡོད་པ་མ་ཟདཁྲིམསཁང་ཆེན་མོའི་ཁྲིམས་ཞིབ་པ་སུ་དར་ཤན་ རི་དྲིས། གཞུང་གི་ངོས་ནས་གནས་ཚུལ་དེ་བཞིན་སྣང་མེད་དང་གལ་གནད་ཆེན་པོ་བརྩི་གི་མི་འདུག་ཅེས་གསུངས་འདུག ཁྲིམས་ཁང་ཆེན་མོ་ནས་ཞིབ་མཇུག་བྱེད་མཁན་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང་། དེའི་འགོ་འཁྲིད་མཁན་ཁྲིམས་ཞིབ་ཟུར་པ་ཞིག་བསྐོ་གཞག་བྱེད་པ་དང་། གཞུང་ལའང་ཞིབ་མཇུག་འོག་ཡོད་པའི་མི་དེ་དག་གི་མིང་གཞུང་མཁོ་སྤྲོད་བྱེད་དགོས་ལུགས་གསུངས་ཡོད་པ་བཅསགང་ལྟར་རྒྱ་གར་བ་འབྱོར་ལྡན་ཅན་ཚོས་ཕྱིའི་ཡུལ་གྲུའི་དངུལ་ཁང་ནང་དངུལ་བཅོལ་པོ་ཡོད་པའི་རོབ་རྩིས་བྱེད་པ་ཡིན་ན་ཨ་རིའི་དྲོ་ལར་ཐེར་འབུམ་ལྔ་བརྒྱ་ནས་ཐེར་འབུམ་ཆིག་སྟོང་ལྷག་ཙམ་ཡོད་འདུག

འོན་ཀྱང་རྒྱ་གར་གཞུང་ཕྱོགས་ནས་དོ་བདག་སོ་སོའི་ཐོག་ཞིབ་འཇུག་བྱེད་རྒྱུར་ཕྱིའི་ཡུལ་གྲུ་དེ་དག་གི་ཁྲིམས་ཀྱི་འགྲོ་སྟངས་ཐོག་ནས་ཞིབ་མཇུག་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ལུགས་གསལ་བཤད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎