འཁྲུངས་སྐར་ལ་ཨ་རིའི་གྲོས་ཚོགས་ཚོགས་གཙོས་རྟེན་འབྲེལ།

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་རྟེན་འབྲེལ་གྱི་ཡོངས་ཁྱབ་འཚམས་འཕྲིན་ཕྱག་བྲིས།

2010.07.07

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་རྟེན་འབྲེལ་གྱི་ཡོངས་ཁྱབ་འཚམས་འཕྲིན་ཕྱག་བྲིས་ཤིག་ཨ་རིའི་རྒྱལ་ས་ལྦ་ཤི་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ནས་ཕུལ་གནང་ཡོད་པ་རེད་    འཚམས་འཕྲིན་ཕྱག་བྲིས་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་དང་བྱམས་སྙིང་རྗེ་ཅན་གྱི་གང་ཟག་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་ རྒྱ་ནག་གཞུང་གིས་ངེས་པར་དུ་༧གོང་ས་ཏྭ་ལའི་བླ་མ་མཆོག་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་དོན་དང་ལྡན་པའི་གྲོས་མོལ་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་གནང་ཡོད་པ་རེད་

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཡིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྩལ་བའི་འཚམས་འཕྲིན་ནང་ད་དུང་འཁོད་པར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་ལྷན་དུ་ཐད་ཀར་བཀའ་མོལ་གནང་རྒྱུའི་འདུན་པ་བཏོན་གནང་ཡོད་པ་དང་ དེར་བརྟེན་ངའི་རེ་བར་རྒྱ་ནག་གཞུང་གིས་ཕྱོགས་གཉིས་དབར་གྱི་དཀའ་རྙོག་སེལ་རྒྱུའི་ཆེད་༧གོང་ས་ཏྭ་ལའི་བླ་མ་མཆོགརྒྱ་ནག་དུ་གདན་ཞུ་གནང་ནས་གྲོས་མོལ་གནང་རྒྱུའི་སྐུལ་མ་ཞུ་གི་ཡོད་ཅེས་དང་ ལྕམ་པེ་ལོ་སི་ཡིས་ཕྱིར་བསྒྲགས་གནང་བའི་འཚམས་འཕྲིན་གསལ་བསྒྲགས་དེའི་ནང་ རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་ཅིང་ ༧གོང་ས་༧སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ ཐང་གནས་སྟངས་ཐོག་ཐུགས་ཚབ་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབཐང་གནས་སྟངས་ལ་སེམས་ཚབ་ཆེན་པོ་ཡོད་པ་དང་ གནད་དོན་དེ་རིགས་དུས་ཡུན་རིང་པོའི་ནང་སེལ་ཐུབ་མེད་ཅིང་ དེར་བརྟེན་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོནཆེན་པོ་མཆོག་དང་གྲོས་མོལ་ཞུ་རྒྱུ་དེས་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོང་རྒྱུ་མ་ཟད་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཐོག་འཛིན་པའི་ལྟ་ཕྱོགས་ལ་ཡང་བཟང་ཕྱོགས་སུ་འགྱུར་བ་ཡོང་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་རེད་ ༧གོང་ས་ཏྭ་ལའི་བླ་མ་མཆོག་ད་ལོ་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་ཀྱི་ཡོད་པ་དང་ གང་ཉིད་ཀྱིས་ལོ་མང་རིང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་བརྟན་ལྷིང་དང་ བྱམས་དང་སྙིང་རྗེ་ལྡན་པ་ འགྲོ་བ་མིའི་ཐོབཐང་ཡོངས་སུ་ལོངས་སྤྱོད་ཐུབ་པའི་སའི་གོ་ལ་ཞིག་སྐྲུན་རྒྱུར་འབད་བརྩོན་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎