བོད་དུ་ཨེཇ་༡ཨེན་༡རིམས་ནད་ཕོག་པའི་ཕྱི་རྒྱལ་བ་ཞིག་སྐོར།

བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་ཕག་པའི་རིམས་ནད་ཀྱི་དོགས་གཞི་ཡོད་པའི་ཕྱི་རྒྱལ་བ་ནད་པ་གཅིག་ཐོན་བཞག

2009.05.19

༄༅༎བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་ཕག་པའི་རིམས་ནད་ཀྱི་དོགས་གཞི་ཡོད་པའི་ཕྱི་རྒྱལ་བ་ནད་པ་གཅིག་ཐོན་བཞག

དེ་ཡང་རྒྱ་ནག་གི་གསར་འགྱུར་དྲ་རྒྱའི་ཐོག་དེ་རིང་ཕྱི་ཙེས་བཅུ་དགུ་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ལ་ཟླ་བ་འདིའི་ཕྱི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ལས་ཁུངས་ཀྱི་སྙན་ཐོ་འབྱོར་བ་བཞིན་བོད་ཀྱི་གཞིས་རྩེ་ས་གནས་ཁོངས་སུ་གཏོགས་པའི་འགྲམ་འགག་སྒོའི་སྨན་ཁང་དུ་ཚ་བ་འཕར་བའི་ནད་པ་གཅིག་ཐོན་པ་དང་ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད་ཨེཇ་༡ཨེན་༡ནད་འབུ་འགོས་ཁྱབ་ཟིན་པར་སྨན་པས་ངོས་འཛིན་བྱས་ཡོད་པ་རེད། ནད་པ་དེ་ནི་ཨི་ཊ་ལི་ནས་ཡིན་པའི་བུད་མེད་ལོ་ན་བཞི་ཅུ་ཞེ་གཉིས་བྱས་པ་ཞིག་ཡིན་པ་དང་ཐོག་མར་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་ཉིན་ཨི་ཊ་ལི་ནས་བལ་ཡུལ་དུ་འབྱོར་བའི་རྗེས་ཕྱི་ཚེས་བཅོ་ལྔ་ཉིན་མིད་པ་ན་བ་དང་སྣ་ཁུག་འགག་པ།གྲང་ཤུར་རྒྱབ་སོགས་གཟུགས་པོ་མི་བདེ་བའི་ནད་རྟགས་ཐོན་པ་དང་དེ་རྗེས་ཕྱི་ཚེས་བཅུ་དྲུག་ཉིན་ནད་པ་དེ་བོད་ཀྱི་འགྲམ་འགག་སྐོར་སླེབས་སྐབས་འགག་སྒོའི་ས་མཚམས་ནས་བརྟག་དཔྱད་བྱས་པའི་སྐབས་ཚ་བ་འཕར་ཡོད་པའི་མངོན་རྟགས་ཐོན་ཏེ་སྨན་ཁང་དུ་ཉར་ཡོད་པ་རེད། ཕྱི་ཚེས་བཅོ་བརྒྱད་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ནད་གཞི་སྔོན་འགོག་བརྟག་དཔྱ་ལས་ཁུངས་ཀྱི་བརྟག་དཔྱད་རིམ་པ་བྱས་པའི་རྗེས་ཨེཇ་༡ཨེན་༡ཟེར་བའི་ཕག་པའི་རིམས་ནད་ཀྱི་ནད་འབུ་འགོས་ཁྱབ་བྱུང་བ་དངོས་སུ་གཏན་འཁེལ་བྱས་པ་དང་ད་ཆ་འབྲེལ་ཡོད་འཕྲོད་བསྟེན་ཚན་པས་ནད་པ་དེ་དང་མཉམ་དུ་ཡོད་པའི་དེ་མིན་གྱི་ཕྱི་རྒྱལ་བ་མི་སྣ་ཉི་ཤུ་རྩ་གསུམ་ཡོད་པ་ཚོར་ནད་འབུ་འགོད་ཁྱབ་བྱུང་ཡོད་མེད་སྨན་ཁང་དུ་བརྟག་དཔྱད་བྱེད་མུས་ཡོད་པ་མ་ཟད་རྒྱ་ནག་ནས་ཆེད་དུ་སྨན་པ་དྲུག་གཞིས་རྩེ་ཁུལ་དུ་བཏང་སྟེ་ཨེཇ་༡ཨེན་༡ཕག་པའི་རིམས་ནད་དེ་ཡིན་མིན་བསྐྱར་དུ་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། ད་ལྟའི་ཚར་ཚན་རིག་པ་ཚོས་ཕག་པའི་རིམས་ནད་དེའི་ནད་འབུ་མི་གཅིག་ནས་གཅིག་ལ་འགོད་ཁྱབ་མི་འགྲོ་བའི་སྔོན་འགོག་གི་ཐབས་ལམ་ནི་ལག་པ་ཡང་སེ་ཡི་ཙི་རྒྱབ་ཏེ་འཁྲུ་བ་དང་ཕྱི་ལ་བསྐྱོད་པའི་སྐབས་ཁ་རས་རྒྱབ་པ།ལྷག་པར་དུ་གློ་དང་ཧབ་བྲིད་རྒྱབ་དུས་ཁ་བཀབ་དགོས་པ་སོགས་ཆམ་པའི་ནད་འབུ་འགོད་ཁྱབ་འགྲོ་བ་དང་གཅིག་མཚུངས་འགོས་བདེ་བས་དམིགས་བསལ་དོ་སྣང་བྱ་དགོས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎