བལ་བོད་ས་མཚམས་རྒྱ་ལམ་བསྐྱར་གསོ་ཐུབ་པ།
2012.02.12
༄༅༎བོད་ཀྱི་ས་མཚམས་ས་ཁུལ་དུ་ཁ་བ་ཤུགས་ཆེན་པོ་འབབ་པའི་རྐྱེན་གྱིས་བོད་དང་བལ་ཡུལ་བར་གྱི་མོ་ཊའི་འགྲོ་ལམ་འགག་པ་དེ། ཁ་བ་ཆ་ཚང་གཙང་མ་བཟོ་ཐུབ་མེད་ཀྱང་རེས་གཟའ་སྤེན་པའི་ཉིན་ཀི་ལོ་མི་ཊར་ལྔ་བརྒྱ་བར་གྱི་འགྲོ་ལམ་བསྐྱར་ཏུ་སྒོ་མོ་ཕྱེ་ཐུབ་པ་བྱུང་ཡོད་པ་རེད།
དེ་ཡང་བོད་ཀྱི་ས་ཁུལ་ནང་ཁ་བ་ཆེན་པོ་འབབ་པའི་རྐྱེན་གྱིས་ཉིན་མ་ལྔའི་རིང་བོད་དང་བལ་ཡུལ་བར་གྱི་མོ་ཊའི་འགྲིམས་འགྲུལ་བྱེད་མ་ཐུབ་པར་འགག་པ་དང༌། གཞིས་རྩེ་ས་གནས་ཀྱི་འགྲིམས་འགྲུལ་ལས་ཁང་གི་འགོ་ཁྲིད་ནས། ཁ་བ་ནི་མཐོ་ཚད་མི་ཊར་གཉིས་ཙམ་འབབ་ཡོད་པ་དང༌། ཁོང་ཚོས་ཁ་བ་གཙང་མ་བཟོས་པའི་རྗེས། དེ་རིང་རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་༢ པ་ནས་གཉའ་ལམ་དང་གཞིས་ཀ་རྩེ་བར་གྱི་འགྲོ་ལམ་ཀི་ལོ་མི་ཊར་༥༠༠ མོ་ཊའི་འགྲིམས་འགྲུལ་བྱེད་ཐུབ་པ་བྱུང་བའི་སྐོར་བཤད་ཡོད་པ་རེད།།