འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞིའི་ཟབ་སྦྱོང༌།

རྡ་རམ་ས་ལར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞིའི་ཐོག་ཟབ་སྦྱོང་གི་ལས་གཞི་ཞིག་འགོ་ཚུགས།

2010.07.20

༄༅༎དེ་རིང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞིའི་ཐོག་ཟབ་སྦྱོང་གི་ལས་གཞི་ཞིག་འགོ་ཚུགས་གནང་ཡོད་པ་དང༌། གཟབ་སྦྱོང་དེ་གོ་སྒྲིག་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་དང༌། སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང། སུད་སི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གསུམ་ཡིན་པ་རེད།

བཙོན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། དེ་རིང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྐལ་བཟང་དབྱངས་སྐྱིད་མཆོག་གདན་ཞུས་ཀྱིས་ཁོང་གིས་མཛད་སྒོ་དེའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲོམ་གཞི་ཟབ་སྦྱོང་གི་ལས་གཞི་དེ་ནི་བོད་མི་ཚོར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད།

ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་མཁན་བོད་མི་༢༠ཡོད་པ་རྣམས་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཚན་པ་ཁག་ནས་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་དང༌། བདེ་སྲུང་ལྷན་ཁང༌། དེ་བཞིན་ཁག་ཅིག་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ཁག་དང༌། བོད་པའི་སློབ་གྲ་ཁག རྒྱ་གར་གྱི་གྲོང་ཁྱེར་ཆེ་ནའེ་མཐོ་རིམ་སློབ་གྲའི་སློབ་མ། ཨ་མི་རི་ཀའི་ས་གནས་ནས་གཅིག་བཅས་ཡོད་པ་རེད། ད་རེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲོམ་གཞིའི་གཟབ་སྦྱོང་གནང་མཁན་རྐང་ནི། སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྒྱལ་སྤྱིར་གཟབ་སྦྱོང་གནང་མཁན་གྱི་ཚོགས་གཙོ་སྐུ་ཞབས་ཨར་ཌི་རིཡེན་ཁ་ལོདྲ་ཛོ་ལར་ཡིན་པ་དང༌། ཁོང་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐོག་ལ་ཕྱག་ལས་གནང་སྟེ་མི་ལོ་༣༠ལྷག་ཉམས་མྱོང་ལྡན་པ་མ་ཟད། ཕྱི་ལོ་༡༩༨༥ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐོག་ལ་ཕྱག་ལས་འགོ་བཙུགས་ཏེ་མི་ལོ་༢༥འགྲོ་གི་ཡོད་པ་དང༌། ཟབ་སྦྱོང་དེ་ཕྱི་ཚེས་༢༢བར་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎