ལོ་བདུན་ཁྲིམས་ཆད་ཕོག་པའི་དཔལ་ལྡན་འཕྲིན་ལས་བཙོན་གྲོལ་བྱུང་བ།


2015.05.18
བཙོན་གྲོལ་བྱུང་མ་ཐག་པའི་དཔལ་ལྡན་འཕྲིན་ལས། ༢༠༡༥།༥།༡༨ བཙོན་གྲོལ་བྱུང་མ་ཐག་པའི་དཔལ་ལྡན་འཕྲིན་ལས། ༢༠༡༥།༥།༡༨
བསོད་ནམས་དབང་འདུས། /RFA

མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་བཏང་བའི་དཔལ་ལྡན་འཕྲིན་ལས་བཙོན་དུས་གཙང་ཡང་གསང་བའི་ངང་བཙོན་གྲོལ་བཏང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དཀར་མཛེས་མདའ་མདོག་ཡུལ་ཚོའིོ་མི་དང་དཀར་མཛེས་དགོན་པའི་དགེ་འདུན་པ་དཔལ་ལྡན་འཕྲིན་ལས་ལགས་༢༠༡༥ལོའི་ཟླ་༥་ཚེས་༡༨ཉིན་ལོ་བདུན་རིང་གི་བཙོན་འཇུག་དུས་བཀག་གཙང་ནས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་པ་རེད། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོང་ལ་གྲོང་པའི་ཡུལ་མི་ཚོས་སྣེ་ལེན་གཟབ་རྒྱས་ཞུས་ཡོང་སྙམ་ནས་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་ཕྱི་ཚེས་༡༨ཉིན་གྱི་མཚན་མོར་གསང་བའི་ཐོག་གློད་བཀྲོལ་བཏང་ཡོད་པ་རེད་འདུག
ཡིན་ནའང་ཁོང་རང་གི་ནང་ཁྱིམ་དུ་འབྱོར་སྐབས་ནང་མི་ཉེ་སྤུན་དང་། གྲོང་པ་ཚོས་ཁོང་ལ་དགའ་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
ཁོང་ཟི་ཁྲོན་ཞིང་ཆེན་གྱི་མེན་ཡང་བཙོན་ཁང་ནང་ལོ་ངོ་བདུན་རིང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་པ་དང་། ཁོང་གི་ད་ལྟའི་སྐུ་གཟུགས་ཀྱི་གནས་བབ་ཇི་འདྲ་ཡིན་ཁ་གསལ་མེད་པ་རེད། ཁོང་ཕྱི་ལོ་༢༠༠༨ལོའི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་ཕྱི་ཟླ་༥པའི་ཚེས་ ༡༨ཉིན་དཀར་མཛེས་ཁྲོམ་གཞུང་དུ་དགེ་འདུན་པ་གཞན་གཉིས་ལྷན་དུ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་སྐབས་རྒྱ་ནག་གིས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

འབྲེལ་ཡོད་གནས་ཚུལ་གཤམ་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎