ཚེ་རིང་སྐྱིད་པོ་ལགས་བཙོན་དཀྲོལ་བྱུང་བར་བོད་མི་ཚོས་དགའ་བསུ།


2015.02.26
ཚེ་རིང་སྐྱིད་པོ་ལགས་བཙོན་དཀྲོལ་བྱུང་བར་དགའ་བསུ་བྱེད་བཞིན་པ། ཚེ་རིང་སྐྱིད་པོ་ལགས་བཙོན་དཀྲོལ་བྱུང་བར་དགའ་བསུ་བྱེད་བཞིན་པ།
བསོད་ནམས་དབང་འདུས། བོད་འབྱོར།

མི་ལོ་བཞིར་རྒྱ་ནག་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཚེ་རིང་སྐྱིད་པོ་གློད་དཀྲོལ་བྱུང་བར་ས་གནས་བོད་མིས་དགའ་བསུ་བྱས་འདུག
དེ་ཡང་སྤྱི་ལོ༢༠༡༡ལོའི་སྤྱི་ཟླ་༣་པའི་ཚེས་༦ཉིན་སྡེ་དགེ་རྫ་ཁོག་ཏུ་ཚེ་རིང་སྐྱིད་པོ་དང་། བློ་བཟང་ཐུབ་བསྟན་། བྱམས་པ་དངོས་གྲུབ་བཅས་བོད་མི་གསུམ་གྱིས་བོད་ལ་རང་དབང་དགོས་བ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་རང་རང་གི་མིང་དངོས་སུ་བྲིས་ཏེ་སྦྱར་ཡིག་དཀྲམ་པར་བརྟེན་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་དེ་མ་ཐག་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱེད་ཐབས་བྱས་ཀྱང་འཛིན་བཟུང་མ་ཐུབ་པ་དང་། རྗེས་སུ་ཁོང་ཚོ་འཇུ་བཟུང་བཀའ་རྒྱ་བཏང་བར་བརྟེན་རིའི་སྒང་སོགས་སུ་ཉེན་ཡོལ་བྲོས་བྱོལ་བྱས་འདུག ཡིན་ན་ཡང་སྤྱི་ལོ་༢༠༡༢ལོར་ཁོང་ཚོའི་ཁྲོད་ནས་ཚེ་རིང་སྐྱིད་པོ་ལགས་དབྱར་རྩྭ་དགུན་འབུ་བརྐོ་ས་ཞིག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་བར་བཙོན་འཇུག་བྱས་ཀྱང་། ལོ་གཅིག་སྔ་སྣུར་གྱིས་ཁ་སང་སྤྱི་ཚེས༢༣ཉིན་གྱི་ལོ་གསར་ཚེས་ལྔ་ཉིན་ཁོང་གློད་དཀྲོལ་བྱུང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་།
ས་གནས་བོད་མི་ཞིག་གིས་བརྗོད་དོན། བཙོན་དུས་རིང་བཙོན་ཁང་དུ་ལས་ཀའི་སྐར་མ་མཐོ་ཙམ་བླངས་པས་ཁོ་བཙོན་དུས་སྔ་སྣུར་བྱས་བ་ཡིན་པའི་བཤད་ཚུལ་ཙམ་ལས་གསལ་བོ་མེད་པ་དང་། སྐབས་དེར་ས་གནས་བོད་མིས་ཚོས་༧གོང་ས་མཆོག་གི་སྐུ་པར་སོགས་བཤམ་ནས་ཁོང་ལ་ཕེབས་བསུ་དང་གློད་དཀྲོལ་བྱུང་བར་དགའ་བསུ་བྱས་བ་དང་། ཁོང་གིས་ཚོར་ཤུགས་ཆེན་པོས་༧གོང་ས་མཆོག་གི་སྐུ་པར་ལ་ཁ་བཏགས་འབུལ་བ་སོགས་བྱས་འདུག
ཁོང་ཚོའི་ཁྲོད་ཀྱི་བློ་བཟང་ཐུབ་བསྟན་ལགས་སྤྱི་ལོ་༢༠༡༣ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཡོད་ཀྱང་བྱམས་པ་དངོས་གྲུབ་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ད་དུང་ཡང་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་གནས་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བསོད་ནམས་དབང་འདུས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎