བོད་འདམ་གཞུང་རྫོང་དུ་བཙན་སྐབས་ཀྱི་བྲག་བརྐོད་རི་མོ་རྙེད་སོན།

བོད་འདམ་གཞུང་རྫོང་གནམ་མཚོ་ཤང་གི་བཀྲ་ཤིས་གླིང་ཕྲན་ནས་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོ་ཁག་ཅིག་རྙེད་ཡོད་པ་རེད།

2009.10.12

༄༅༎གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་དངོས་ཚན་པས་ཤེས་རྟོགས་བྱུང་བ་ལྟར་ན་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་རུ་ཁག་གིས་ཉེ་ལམ་འདམ་གཞུང་རྫོང་དུ་རིག་དངོས་ཞིབ་བཤེར་གནང་སྐབས་གནམ་མཚོ་ཤང་གི་བཀྲ་ཤིས་གླིང་ཕྲན་ནས་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོ་ཁག་ཅིག་རྙེད་ཡོད་པ་རེད། ད་ལོའི་ཟླ་བ་དགུ་པའི་ཚེས་བདུན་ཉིན་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ཚོ་ཆུང་གིས་འདམ་གཞུང་རྫོང་དུ་རིག་དངོས་ཞིབ་བཤེར་བྱེད་འགོ་བརྩམས་ཤིང་ཞིབ་བཤེར་བྱེད་ཡུལ་གྱི་རྒྱ་ཁྱོན་ལ་རྫོང་ཁོངས་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༢༠༠༠ཙམ་གྱི་ཁྱོན་ཟིན་ཡོད་པ་རེད། ཟླ་བ་བཅུ་པའི་ཚེས་བཞི་ཉིན་གྱི་བར་ཐེངས་འདིའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲོད་དུ་ཁྱོན་སྡོམ་སྒུལ་མི་ཆོག་པའི་རིག་དངོས་ས་ཚིགས་དྲུག་བཅུ་ལ་ཞིབ་བཤེར་བྱས་ཤིང་དེའི་ཁྲོད་ཞིབ་བཤེར་ཐེངས་གཉིས་བྱས་པའི་རིག་དངོས་ས་ཚིགས་བཅོ་བརྒྱད་དང་གསར་དུ་རྙེད་པའི་རིག་དངོས་ས་ཚིགས་བཞི་ཅུ་ཞེ་གཉིས་ཡོད་པ་རེད།

ཐེངས་འདིའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལསལ་དོན་གྱི་ཁྲོད་དུ་ལས་ཀ་བས་འདམ་གཞུང་རྫོང་གནམ་མཚོ་ཤང་བཀྲ་ཤིས་གླིང་ཕྲན་སྟེང་གི་སྔར་རྙེད་ཟིན་པའི་བྲག་བརྐོས་རི་མོའི་འགྲམ་ནས་ཡང་བསྐྱར་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོ་ཉི་ཤུ་ལྷག་རྙེད་ཡོད་ལ་རི་མོའི་ནང་དོན་ལ་རྟ་ནོར་ལུག་གསུམ་དང་རྟ་བ་ དམག་མི་ མོ་བ་ ལྗོན་ཤིང་ ཉི་མ་ དར་ལྕོག མདའ་ གཡུང་དྲུང་སོགས་ཚུད་ཡོད་ཅིང་དེ་དག་གིས་རི་དྭགས་རྔོན་ཚུལ་དང་ཕྱུགས་འཚོ་ཚུལ་ གཡུལ་འགྱེད་ཚུལ་སོགས་ཀྱི་སྣང་ཚུལ་མཚོན་ཡོད་པ་སོགས་ཀྱི་གནས་ཚུལ་དང་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ཚོ་ཆུང་གི་འགན་ཁུར་བས་ངོ་སྤྲོད་གནང་བ་ལྟར་ན་དེ་སྔོན་རྙེད་པའི་བཀྲ་ཤིས་གླིང་ཕྲན་གྱི་བྲག་བརྐོས་རི་མོ་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་གི་ཤར་འགྲམ་དུ་ཡོད་ཅིང་དེ་དག་ནི་ཡི་གེ་མ་བྱུང་བའི་གོང་གི་དུས་ནས་བོད་བཙན་པོའི་སྐབས་བར་བྲིས་པ་ཡིན་ལ་དེ་རྙེད་པ་ཡིས་བོད་ལྗོངས་སུ་དེ་སྔོན་གནའ་རབས་ཀྱི་བྲག་བརྐོས་རི་མོ་རྙེད་མེད་པའི་སྟོང་ཆའི་ཁ་བསྐངས་པ་དང་རང་རྒྱལ་གྱི་བྲག་བརྐོས་རི་མོའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎