རྒྱ་གར་དང་པ་ཀིསི་ཐན་ས་མཚམས་སུ་གསང་ལམ་རྙེད་པ།
2012.07.29
༄༅༎རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་ས་འོག་སྦུགས་ལམ་སམ་གསང་ལམ་མི་ཊར་བཞི་བརྒྱ་བྱས་པ་ཞིག་རྙེད་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ ཇ་མུ་ ཀ་ཤེ་མིར་ གྱི་དགུན་དུས་ཀྱི་རྒྱལ་ས་ ཇ་མུའི་ལྷོ་ནུབ་སུ་ཀི་ལོ་མི་ཊར་༣༠ཐམ་པའི་སར་སམ་བྷ་རྫོང་ཁུལ་རེས་གཟའ་སྤེན་པའི་ཉིན། ས་འོག་གི་གསང་ལམ་མི་ཊར་བཞི་བརྒྱ་བྱས་པ་ཞིག་རྙེད་ཡོད་པའི་སྐོར་ས་གནས་ཀྱི་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་ཡོད་འདུག། ས་གནས་ཉེན་སྲུང་དཔོན་རིགས་ ཨི་སེ་རར་ ཁན་ གྱིས་རྒྱ་གར་གྱི་ས་མཚམས་ཀྱི་ས་ཁུལ་ ཆི་ལ་ཡ་རི་ དང་ པ་ཀི་སི་ཐན་གྱི་ས་མཚམས་ ནམ་བྭེ་རི་ཡལ་ ཁུལ་ཉེན་སྲུང་མི་སྣ་བལྟ་སྐོར་དུ་བསྐྱོད་སྐབས་ཆར་ཤོད་ཀྱི་རྐྱེན་པས་ས་གཞི་རྡིབ་པ་མཐོང་རྗེས་ཞིབ་འཇུག་བྱ་སྐབས་གསང་ལམ་དེ་རྙེད་ཡོད་ལུགས་གསུངས་གནང་འདུག། གསང་ལམ་དེ་ཐོག་མ་ས་གནས་ཀྱི་གྲོང་གསེབ་པ་ཞིག་གིས་མཐོང་རྗེས་ཉེན་སྲུང་མི་སྣས་སྙེན་སེང་ཞུས་ཡོད་འདུག། ས་འོག་ཕི་ཊི་ཉི་ཤུའི་འོག་བྲུས་པའི་གསང་ལམ་དེའི་ནང་སྲོག་འཛིན་རླུང་གི་ཡོ་ཆས་སོགས་རྙེད་ཡོད་འདུག༎