པ་ཀི་སྟན་ནང་དྲག་སྤྱོད་པ་ཉི་ཤུ་རྐྱེན་ལམ་དུ་བཏང་ཡོད་པ།

པ་ཀི་སྟན་གྱི་མཁའ་དམག་གི་གནམ་གྲུས་དྲག་རྒོལ་གྱིས་འཇིགས་སྐུལ་བ་ཉི་ཤུ་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

2010.05.16

༄༅༎པ་ཀི་སྟན་གྱི་མཁའ་དམག་གི་གནམ་གྲུས་བྱང་ནུབ་ཨོ་རཁ་ཛེའི་གདོད་མའི་མི་རིགས་ཀྱི་ས་ཁུལ་ལ་དྲག་རྒོལ་གྱིས་འཇིགས་སྐུལ་བ་ཉི་ཤུ་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ཟླ་བ་གཉིས་ནང་པ་ཀི་སྟན་གྱི་གཞུང་གི་དམག་མིས་ཨོ་རཁ་ཛའི་གཙོས་པའི་དྲག་རྒོལ་བའི་ལྟེ་གནས་བརྒྱད་བཅུ་དང་སྦྱོང་བརྡར་བྱེད་ཡུལ་ཉི་ཤུ་ཙམ་གནམ་ཐོག་ནང་དྲག་རྒོ་གྱིས་རྕ་མེད་བཟོས་ཡོད་པ་མ་ཟད་ད་བར་འཇིགས་སྐུལ་དྲག་སྤྱོད་པ་༧༠༠ལྷག་རྐྱེན་ལམ་དུ་བཏང་ཡོད་ལུགས་འདུག རེས་གཟའ་ཉི་མའི་དྲག་རྒོལ་ནང་འཇིགས་སྐུལ་བ་ཉི་ཤུ་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་མིན་དྲུག་རྨས་ཡོད་འདུག་ གཞུང་གི་དྲག་རྒོལ་བྱེད་སའི་ས་ཁུལ་ནང་གསར་འགོད་པ་བཏང་གི་མེད་སྟབས་གནས་ཚུལ་དེ་དག་ཁུངས་ལྡན་ཡིན་ཐེ་ཚོམ་གྱི་རང་བཞིན་ཡང་ ད་ཆ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པས་འགྲེལ་བརྗོད་གནང་བར་གཞིགས་ན་ཨོ་རག་ཛའི་ས་ཁུལ་གྱི་ཡུལ་མི་འབུམ་གཉིས་ལྷག་བྲོས་བྱོལ་དུ་ཕྱིན་ཡོད་འདུག གཞུང་གི་ལས་བྱེད་པ་ཚོས་གསུངས་ན་ ས་ཁུལ་དེར་དེ་སྔ་ལྷོ་ལྦ་ཛི་རི་སྟན་ནང་ཏ་ལི་བྭན་དྲག་སྤྱོད་པ་མང་པོ་བྲོས་བྱོལ་བྱས་ཡོད་འདུག དེའི་དབར་ལ་རེས་གཟའ་སྤེན་པའི་ཉིན་པ་ཀི་སྟན་གྱི་བྱང་ནུབ་ཁུ་རམ་ས་ཁུལ་ནང་དྲག་སྤྱོད་པས་ཡུལ་མི་དྲུག་བཅུ་བཙན་བཟུང་བྱས་ཡོད་ལུགས་ས་གནས་ཀྱི་ཉེན་སྲུང་དཔོན་རིགས་མུམ་ཏཛེ་ཁྭན་གྱིས་གསུངས་གནང་འདུག འོན་ཀྱང་ས་གནས་ཀྱི་འགོ་འཛིན་ཧ་མེ་རྡུ་ལ་ཁྭན་གྱིས་ཏ་ལི་བྭན་དྲག་སྤྱོད་མི་སྣས་འཛིན་བཟུང་བྱས་པའི་མི་བཅུ་མ་གཏོགས་གཞན་པ་ལྔ་བཅུ་གློད་བཀྲོལ་བཏང་ཚར་ཡོད་ལུགས་གསུངས་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎