༸གོང་ས་མཆོག་གི་མཚན་ཐོག་དྲ་རྒྱའི་ཁ་སྦྱང་རྫུན་མ་བཟོས་པ།
2009.02.09
༄༅༎ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནས་ཁ་ས་གནས་ཚུལ་བྱུང་བར་ལྟར་ན་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཀྲུ་ལྦི་ཀྲར་ཞེས་པའི་དྲ་རྒྱའི་ཁ་སྦྱང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་གི་མཚན་ཐོག་ནས་དམིགས་བསལ་མང་ཚོགས་ལྷན་དུ་ཐད་ཀར་གླེང་མོལ་ཞུ་ཡུལ་གྱི་སྦོ་ལོག་ཅེས་པའི་གླེང་བསྟེགས་ཀྱི་ཁ་སྦྱང་ཞིག་གསར་གཏོད་བྱས་ཡོད་པས་མ་ཟད་ཉིན་མ་གཉིས་ནང་མི་མང་ཁྲི་གཉིས་ཙམ་ནས་གླེང་སྟེགས་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག
དྲ་རྒྱའི་གླེང་སྟེགས་དེའི་སྟེང་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་ཀྱང་བཟོས་ཡོད་འདུག འོན་ཀྱང་ཁ་ས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་དུ་ཀྲུ་ལྦི་ཀྲར་ཞེས་པའི་དྲ་རྒྱ་བཟོ་བཀོད་བྱེད་མཁན་སྦྱིན་བདག་སྦིཛ་སོ་ཀྲོན་ནས་ངོ་སྤྲོད་གནང་བར་ལྟར་ན་༸གོང་ས་མཆོག་གི་མཚན་ཐོག་གླེང་བསྟེགས་དེ་བཞིན་རྫུན་མ་བཟོས་པ་ཞིག་དང་ཁོང་ཚོའི་དྲ་རྒྱའི་ཁྲིམས་དང་མཐུན་པ་ཞིག་མིན་པར་བརྟེན་སྒོ་རྒྱབ་ཡོད་ལུགས་གསུངས་འདུག
འདས་པའི་ཟླ་བའི་ནང་ཨ་རིའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་དང་སྙན་གྲགས་ཅན་གྱི་གཞས་མ་སྦི་རིདྲ་ནི་སི་པི་ཡར།གཞན་ཡང་སྙན་གྲགས་ཅན་གྱི་མི་སྣ་འགའ་ཤས་ཀྱི་མཚན་ཐོག་རྫུན་བཟོས་བྱས་པའི་གནས་ཚུལ་བྱུང་ཡོད་པའི་གནས་ཚུལ་ཡང་ལུང་འདྲེན་བྱས་ཡོད་འདུག
སྤྱིར་བཏང་དེང་དུས་འཕྲུལ་རིགས་ཡར་རྒྱས་ཕྱིན་པའི་དུས་ཚོད་འདིར་ལས་དོན་སྤེལ་ཕྱོགས་ལ་ལས་སླ་རུ་ཕྱིན་ཡོད་ཀྱང་དེར་གཞིགས་པས་དྲ་རྒྱ་དང་བརྙན་པར་རིགས་རྫུན་མ་བཟོ་མཁན་རིགས་ཀྱང་མང་དག་གཅིག་ཡོང་གི་ཡོད་པ་རེད༎