བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༢༨པ་མཇུག་སྒྲིལ།


2016.07.16
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༢༨པ་མཇུག་སྒྲིལ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ། ༢༠༡༦།༧།༡༥
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།


༄༅། །ཉེ་ཆར་འཚོགས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༢༨པ་དེ་ཁ་ས་བཞུགས་སྒར་དུ་མཇུག་སྒྲིལ་ཡོད་པ་དང་། ལྷན་ཚོགས་ཐོག་བོད་རྒྱ་ཞི་མོལ་གྱི་འབྲེལ་ཡོད་གནད་དོན་ཁག་གི་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག
ཉེ་ཆར་སྤྱི་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ལུས་བདེ་ངལ་གསོའི་གྲོང་ཞེས་པའི་མགྲོན་ཁང་དུ་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ཉེར་བརྒྱད་པ་དེ་དབུ་འཛུགས་གནང་ཞིང་། ཁ་ས་སྤྱི་ཚེས་༡༦ཉིན་ལྷན་ཚོགས་དེ་མཇུག་སྒྲིལ་ཡོད་པ་རེད་འདུག་ལ། གོང་ཞུས་དུས་ཡུན་ཉིན་གཉིས་རིང་གི་ལྷན་ཚོགས་དེའི་ཐོག་ཚོགས་བཞུགས་པ་ཚོས་རྒྱ་ནག་གི་སྲིད་དོན་འཕེལ་ཕྱོགས་དང་། དེ་བཞིན་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མ་འོངས་ཞི་མོལ་གནང་ཕྱོགས་དང་འབྲེལ་བའི་གནད་དོན་ཁག་དང་། ད་དུང་རྒྱལ་སྤྱིའི་སྲིད་དོན་འཕེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་གནང་འདུག གཞན་ཡང་ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། བོད་མིའི་དབུ་ཁྲིད་ཚོའི་ངོས་ནས་ཞི་མོལ་གནང་བ་བརྒྱུད་ཞི་བའི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་གནང་རྒྱུ་དང་། བོད་མིའི་དབུ་ཁྲིད་ཚོས་མུ་མཐུད་སྲ་བརྟན་འགྱུར་མེད་ངང་ལམ་དབུ་མར་བརྟེན་རྒྱུ་ཡིན་པའི་དམ་བཅའ་བཞག་གནང་ཡོད་པ་མ་ཟད། ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བ་བྱེད་པར་ཞི་མོལ་ཀྱི་ཐབས་ལམ་དེ་ལ་བརྟེན་དགོས་པ་ལས། དེ་མིན་གྱི་ཐབས་ལམ་གཞན་གང་ཡང་མེད་པར་བོད་ཀྱི་དབུ་ཁྲིད་ཚོས་ཡིད་ཆེས་ཤུགས་ཆེ་གནང་གི་ཡོད་པར་ཡང་གསུངས་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎