ཁྱིམ་ཚང་གཉིས་ནས་ལོ་གསར་སྐབས་ལས་འགུལ།

སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་དང་། སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཉིས་ཀྱི་ནང་མིས་ཇི་ནི་ཝ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ལས་འགུལ་སྤེལ་འདུག

2013.02.15
ཁྱིམ་ཚང་གཉིས་ཀྱི་ནང་མིས་དབུས་པའི་ས་གནས་མི་མང་ཁག་ཅིག་ནས་རྒྱལ་ཚོགས་མདུན་ལས་འགུལ་སྤེལ་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༡ སྟེ་བོད་རྒྱལ་ལོ་ ༢༡༤༠ ཆུ་སྦྲུལ་གནམ་ལོ་གསར་ཚེས་ཀྱི་ཉིན་སུད་སིར་གནས་བཞུགས་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་དང་། སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཉིས་ཀྱི་ནང་མིས་སུད་སི་གྲོང་ཁྱེར་འཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་རྒྱལ་ཚོགས་ལ་བོད་ནང་གི་ཛ་དྲག་ཆེ་བའི་ཆབ་སྲིད་ཀྱི་གནས་སྟངས་ལ་ཐུགས་འཁུར་དགོས་པའི་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འདུག
ཁྱིམ་ཚང་གཉིས་ཀྱི་ལས་འགུལ་དེ་ནི། བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ལ་སྐྱིད་སྡུག་མཉམ་མྱོང་དང་། དམིགས་བསལ་རང་ལུས་མེར་སྲེག་གི་ལས་འགུལ་ནང་འདས་གྲོངས་སུ་འགྱུར་བ་དང་རྨས་སྐྱོན་ཕོག་པའི་རྒྱལ་གཅེས་པ་རྣམས་ལ་གུས་བརྩིའི་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་ཡིན་པ་གསུངས་ཀྱི་ཡོད་པ་དང་། ཞུ་གཏུག་གི་ལས་འགུལ་དེ་ནི་ཁྱིམ་ཚང་གཉིས་ནས་རྒྱལ་ཚོགས་ལས་ཁུངས་མདུན་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བ་ཐེངས་བཞི་པ་འདི་ཡིན་འདུག་པ་དང་། ད་རེས་ལོ་གསར་ཚེ་གཅིག་ཉིན་གྱི་ལས་འགུལ་དེའི་ནང་ས་ཁུལ་བོད་མི་གཞན་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎