ཨ་མདོ་རྔ་བའི་བོད་མི་གཉིས་ལ་ཁྲིམས་བཤེར་འགོ་བཙུགས།

ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཅིག་ཐེ་པའི་བོད་མི་གཉིས་ལ་ཁུལ་དེར་རང་ལུས་མེར་བསྲེགས་ཀྱི་སྐུལ་སློང་བྱས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཞིབ་བྱེད་འགོ་བཙུགས་འདུག

2013.01.29

དེ་ཡང་ཚེས་༢༦ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། ལོ་གྲངས་༤༡ཡིན་པའི་བློ་བཟང་དཀོན་མཆོག་དང་། ཁོང་གི་ཚ་བོ་ལོ་ན་༣༡ལ་སླེབས་པའི་བློ་བཟང་ཚེ་རིང་གཉིས་ལ་ཆེད་མངགས་མི་བསད་པའི་ནག་ཉེས་འཛུགས་བྱས་ཡོད་པ་དང་། ཁྲིམས་ཁང་ནང་ཁྲིམས་དཔྱོད་བྱས་པའི་གནས་ཚུལ་རྒྱ་ནག་རྒྱལ་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་པ་རེད། སྔ་ལོ་ཕྱི་ཟླ་བརྒྱད་པའི་ནང་འཛིན་བཟུང་བྱས་པའི་གོང་ཞུས་བོད་མི་དེ་གཉིས་ཀྱིས་ བོད་མི་བརྒྱད་ལ་རང་ལུས་མེར་སྲེག་གཏོང་རྒྱུའི་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་འཛུགས་དང་འབྲེལ། ཟླ་བ་སྔོན་མ་རྒྱ་ནག་གི་དཔོན་རིགས་ཚོས་ཁོང་གཉིས་ལ་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་བརྒྱུད་སྐུལ་གནང་ཡོད་པ་སྐྱོན་འཛུགས་བྱས་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་མཚམས་འཇོག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཚེ། བོད་མིའི་ཐོག་གང་བྱུང་ཁག་དཀྲི་མ་བྱས་པར། རྒྱ་གཞུང་གིས་བཀག་འགོག་མེད་པའི་ཐོག་ནས་རྒྱལ་སྤྱིའི་མི་སྣ་བོད་ནང་གི་ས་གནས་དེ་ཚོར་ཕེབས་ཏུ་བཅུགས་ནས་བོད་མི་ཚོས་རང་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཡང་དག་རྩད་ཞིབ་གནང་དུ་བཅུགས་དགོས་སྐོར་ཡང་ཡང་གསུངས་ཡོད་པ་རེད།

དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་རྒྱ་ནག་གཞུང་ལ་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་གཟབ་བྱེད་དགོས་པའི་འབོད་སྐུལ་ལན་མང་གནང་ཡོད་པ་དང༌། བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་གཞིས་ལུས་བོད་མི་ཚོར་དཀའ་ངལ་ཡོད་པའི་རྟགས་མཚན་ཞིག་ཡིནཔ་དང༌། དཀའ་ངལ་དེ་ཚོ་བོད་མིས་བཟོས་པ་ཞིག་མིན་སྐོར་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎