འཇང་རྩེ་དོན་ཁོ་དང་བུད་དྷ་གཉིས་བཙོན་བཀྲོལ་བྱུང་འདུག


2014.06.20
རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་། བུད་དྷ་གཉིས་བཙོན་བཀྲོལ་སྐབས། ༢༠༡༤།༦།༢༠ རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་། བུད་དྷ་གཉིས་བཙོན་བཀྲོལ་སྐབས། ༢༠༡༤།༦།༢༠
བོད་འབྱོར་།

བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་། བུད་དྷ་གཉིས་དེ་རིང་མི་ལོ་བཞིའི་རྗེས་ནས་བཙོན་བཀྲོལ་བྱུང་འདུག 
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཚེས༢༠ཉིན་རོ་ལངས་དང་ལག་རྩལ་ཞེས་པ་སོགས་ཀྱི་དཔེ་དེབ་རྩོམ་པ་པོ་དང་ཤར་དུང་རི་དུས་དེབ་ནང་གི་ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་དམ་ཞེས་པའི་རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་། དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བུད་དྷ་གཉིས་མི་ལོ་བཞིའི་བཙོན་འཇུག་དུས་ཡུན་གཙང་སྟེ་དེ་ཟི་ཁྲོན་མེན་ཡཱང་བཙོན་ཁང་ནས་གློད་བཀྲོལ་བྱུང་འདུག སྐབས་དེར་ཁོང་གཉིས་ཀྱི་ནང་གི་སྤུན་མཆེད་དང་ངོ་ཤེས་གྲོགས་ཁག་གཅུག་ཆེད་དུ་བཙོན་ཁང་སྒོ་མདུན་ལ་སོང་ནས་ཕེབས་བསུ་སྣེ་ལེན་རྟེན་འབྲེལ་གྱི་ཁ་བཏགས་འཐེན་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གིས་ཁོང་གི་གྲོགས་པོ་ཉེ་འབྲེལ་ཚོའི་ཁ་པར་སོགས་འབྲེལ་ལམ་ཁག་ལ་དམ་དྲག་བྱེད་བཞིན་པའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་ཤེས་རྟོགས་མིན་འདུག ད་ལྟ་བཙོན་བཀྲོལ་ཐོབ་ནས་ཕ་ཡུལ་ཕྱོགས་སུ་བསྐྱོད་བཞིན་པ་རེད་ཅེས་བརྗོད་ཡོད།
རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༠ལོར་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་།  བུད་དྷ། སྐལ་བཟང་སྦྱིན་པ་བཅས་འཇུ་བཟུང་གིས་༢༠༠༨་ལོའི་ཤར་དུང་རི་ཞེས་པའི་དུས་དེབ་ཐོག་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་གནས་ཚུལ་བཀོད་པ་དང་། རྒྱལ་ཁབ་ཁ་བྲལ་དང་། སྤྱི་ཚོགས་བདེ་འཇགས་གཏོར་བརླག་བཏང་ཚུལ་སོགས་ནག་ཉེས་བཙུགས་ནས་འཇང་རྩེ་དོན་ཁོ་དང་བུད་དྷ་གཉིས་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་དང་། སྐལ་བཟང་སྦྱིན་པར་ལོ་༣་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡིན་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎