ཟི་ཁྲོན་ས་ཡོམ་འོག་རྐྱེན་འདས་ཕྱིན་པའི་གྲངས་ཀ་གསལ་མེད།

ལོ་ངོ་གཉིས་གོང་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་ཟི་ཁྲོན་དུ་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཞིབ་ཕྲ་ཞིག་ཕྱིར་བཏོན་ཡོད་པ་རེད།

2010.05.12

༄༅༎རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ལོ་ངོ་གཉིས་ཀྱི་གོང་ས་ཡོམ་གྱི་གོད་ཆགས་ཚབ་ཆེ་ཕོག་ནས་མི་གྲངས་ཁྲི་སྟོང་མང་པོ་རྐྱེན་འདས་སུ་ཕྱིན་ཀྱང་ ས་ཡོམ་གྱི་གོད་ཆག་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཁ་གསལ་ཞིབ་ཕྲ་ཞིག་ད་བར་བྱུང་མེད་ཅིང་། ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱོ་གོད་ཆག་ཕོག་ནས་ལོ་ངོ་གཉིས་ཕྱིན་པའི་དུས་དྲན་དང་བསྟུན་ནས་ ས་གནས་མི་མང་ཚོས་་འདས་པའི་ལོ་ངོ་གཉིས་རིང་ ས་ཡོམ་གྱི་གོད་ཆག་ཕོག་ཡུལ་དུ་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཞིབ་བཤེར་རྩིས་ལེན་བྱས་ནས་གྲངས་འབོར་ཞིབ་ཕྲ་ཞིག་དེ་རིང་གཟའ་ལྷག་པའི་ཉིན་ཕྱིར་བཏོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཁྲི་གཅིག་དང་བརྒྱད་སྟོང་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་ ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་གྱི་མི་མང་ཚོས་འདས་པའི་ལོ་ངོ་གཉིས་རིང་ ས་ཡོམ་གྱི་གོད་ཆག་ཕོག་ཡུལ་མི་མང་ཚོའི་ཁྲོད་ནང་མི་སྤུན་མཆེད་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཞིབ་རྩིས་བྱས་ནས་ཕྱིར་བསྒྲགས་བྱས་པ་ལྟར་ན་ ལོ་ངོ་གཉིས་གོང་གི་ས་ཡོམ་གྱི་གོད་ཆག་དེའི་འོག་མི་གྲངས་ཁྲི་བདུན་མ་ཟིན་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ དེའི་ནང་སློབ་གྲ་ཁག་གི་སློབ་ཁང་འདིབས་སྐྱོན་བྱུང་ནས་སློབ་ཕྲུག་སྟོང་ཕྲག་ལྔ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎