བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་རྡ་སར་ཚོགས་བཞིན་འདུག


2019.06.11
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་རྡ་སར་ཚོགས་བཞིན་པ། ༢༠༡༩།༦།༡༡ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་རྡ་སར་ཚོགས་བཞིན་པ། ༢༠༡༩།༦།༡༡
RFA

མི་རིགས་ཀྱི་འགན་ཡོད་པའི་ཆ་ནས་རང་བཙན་རྩོད་ཀྱི་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྒོ་འབྱེད་གཏམ་བཤད་གནང་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་བཞིན་ཕྱི་ལོ་༢༠༡༩ ཟླ་༦ཚེས་༡༡ནས་༡༦་བར། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་ཚོགས་བཞིན་པའི་དབུ་འབྱེད་ཉིན་དང་པོ་འདི་ཚེས་༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་འཛིན་བཞིན་པ་ནི་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལ་འགན་ཁུར་བ་ཞིག་ཡིན་ཅིང་དེ་མཚུངས་འཐབ་རྩོད་ཀྱི་ལྟ་གྲུབ་གཞན་ལའང་གཞོན་ལྷན་གྱི་ངོས་ནས་གུས་བརྩི་ཡོད་ཅེས་ནན་གསུང་གནང་སོང་།
ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇའི་སིང་མན་ཀོཊཡ་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་པའི་ཆོས་དང་རིག་གཞུང་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱ་ནག་གཞུང་ནི་བརྙས་བཅོས་བཤད་མཁན་གྱི་སྲིད་གཞུང་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་༧གོང་ས་མཆོག་གི་བཀའ་གནང་བ་གཞིར་བཟུང་རྒྱ་ནག་མི་མང་ཡག་པོ་ཡོད་ཙང་ད་ལྟ་རྒྱ་ནག་གིས་ཁོང་ཚོ་འགྲིག་མེད་པ་དེ་ཤེས་ཀྱི་ཡོད་པ་རེད། དེ་འདྲ་སོང་དེའི་ཐོག་སྙིང་རྗེ་དང་བྱམས་བརྩེའི་བསམ་བློ་ཡག་པོ་གཏོང་དགོས་པ་དང་། འཐབ་རྩོད་ཀྱི་ལས་འགུལ་ལྷོད་མེད་མུ་མཐུད་དུ་གནང་དགོས་པ་གསུངས་སོང་།
སྐབས་དེར་༢༠༡༧ ལོའི་ཕྱི་ཟླ་བདུན་པའི་ནང་བོད་དོན་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་ཝར་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་སུ་ཚོགས་ཆེན་ཐོག་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་གནང་སོང་ལ། དེ་བཞིན་གཞོན་ལྷན་གྱི་སྒྲིག་འཛུགས་ནང་ལོ་ངོ་བཅོ་ལྔ་ལྷག་རྒྱུན་ལས་གནང་མྱོང་མཁན་འཐུས་མི་དགུ་ལ་གཟེངས་རྟགས་གནང་ཡོད།
ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་ས་གནས་ཁག་༤༥ ནས་ཚོགས་བཅར་བ་མི་གྲངས་༡༥༠ ཙམ་ནས་མཉམ་ཞུགས་ཡོད་པ་དང་། ཚོགས་ཆེན་ཐོག་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་དང་། ༧གོང་ས་མཆོག་སྐུ་ཕྱ། ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ། མང་གཙོའི་གོ་རྟོགས་སྤེལ་ཕྱོགས། སྤྱི་ཚོགས་ཞབས་ཞུ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་བཅས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་མ་ཟད། དབུས་རྒྱུན་འཕོ་འགྱུར་གསར་འདེམས་གནང་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འབྱེད་ཐོག་རྩོམ་ཡིག་འགྲན་བསྡུར་གྱི་ཨང་རིམ་ལེན་མཁན་ཚོར་བྱ་དགའ་དང་། འདི་ལོ་༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་ཡིག་ཨང་རིམ་མཐོ་ཤོས་ལེན་མཁན་ལ་བྱ་དགའ། དེ་བཞིན་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་༡༥ ལ་གཟེངས་རྟགས་བྱ་དགའ་བཅས་གནང་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎