བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟར་ཕམ་ཉེས་།

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ལ་ཚོད་ལྟ་བྱེད་ཡས་དེས་ས་གནས་ཀྱི་ཞི་བདེ་བརྟན་ལྷིང་ལ་གནོད་ཚབས་བཟོ་སྲིད་པ་བསྐྱོན་བརྗོད།

2012.04.13

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ལ་ཚོད་ལྟ་བྱེད་ཡས་ཀྱི་ལས་དོན་དེ་ནི་གྱོད་པ་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད་ དེས་ས་གནས་ཀྱི་ཞི་བདེ་བརྟན་ལྷིང་ལ་གནོད་ཚབས་བཟོ་སྲིད་པ་དེ་རིང་གཟའ་པ་སངས་ཉིན་གསལ་བསྒྲགས་སྤེལ་གནང་བའི་ནང་བསྐྱོན་བརྗོད་གནང་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བན་ཁུའུ་མན་གྱི་མགྲིན་ཚབ་པས་དེ་རིང་གཟའ་པ་སངས་ཉིན་དྲུང་ཆེའི་མཚན་ཐོག་ནས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་བའི་ནང་ བྱང་ཀོ་རི་ཡས་ཐག་རིང་དུ་འཕེན་ཐུབ་པའི་མེ་ཤུགས་ཕུར་མདེལ་རིགས་ལ་ཚོད་ལྟ་བྱེད་ཡས་དེས་ དམངས་གཙོ་དང་རང་དབང་ལྡན་པའི་ལྷོ་ཀུ་རི་ཡའི་མི་མང་ཚོར་འཇིགས་སྐུལ་བྱས་པར་གྱོད་པ་སྐྱེ་དགོས་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཁས་ལེན་ཐུབ་ཐབས་མེད་པའི་བྱ་སྤྱོད་ཅིག་ཡིན་པ་བསྐྱོན་བརྗོད་གནང་ཡོད་པའི་ཁར་ བྱ་སྤྱོད་དེ་ནི་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་༡༨༧༤དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པས་ དེས་ཤར་བྱང་ཨི་ཤི་ཡའི་ཛ་དྲག་གི་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་རྒྱུར་སྐུལ་སྤེལ་བྱས་པ་ཞིག་ཡིན་པས་ བྱང་ཀོ་རི་ཡའི་བྱ་སྤྱོད་དེ་རིགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་ཐབས་མེད་པ་གསུང་ཡོད་འདུག་ལ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བན་ཁུའུ་མན་གྱི་མཚན་ཐོག་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་ དྲུང་ཆེ་མཆོག་གི་མགྲིན་ཚབ་པས་ མ་འོངས་བྱང་ཀུ་རི་ཡས་ཀུ་རི་ཡ་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་གནོད་ཚབས་བཟོ་ཡས་ཀྱི་མེ་ཤུགས་ཕུར་མདེལ་སོགས་ལ་ཚོད་ལྟ་བྱེད་ཡས་སོགས་ཀྱི་བྱ་སྤྱོད་དེ་རིགས་སྤེལ་རྒྱུ་མེད་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་གནང་འདུག བྱང་ཀུ་རི་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྐྱོན་བརྗོད་ལ་མ་ལྟོས་པར་  གཟའ་པ་སངས་ཉིན་ ཐག་རིང་དུ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ལ་མཁའ་དབྱིངས་སུ་བཏང་ཡོད་ཀྱང་ དུས་ཚོད་རིང་པོ་མ་ཕྱིན་པར་ མེ་ཤུགས་འཕུར་མདེལ་གས་ཐོར་གྱིས་ རྒྱ་མཚོའི་ནང་ལྷུང་ཏེ་ བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་མཁའ་དབྱིངས་སུ་གཏོང་རྒྱུའི་ལས་དོན་དེར་ལམ་ལྷོང་བྱུང་མེད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎