མཉམ་འབྲེལ་རྒྱལ་ཚོཌ་ཀྱི་དྲུང་ཆེ་ལའོ་སེ་ལ་གཟིཌ་སྐོར་གནང་བ།
2009.04.11
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལའོ་སེར་ཁེ་ས་གཟིགས་བསྐོར་གནང་སྐབས་ལའོ་སེའི་གཞུང་གིས་ཡུལ་དེའི་ནང་གི་ཉམ་ཐག་དབུལ་ཕོངས་ཅན་གྱི་མི་མང་ཚོའི་གནས་སྟངས་བཟང་དུ་གཏང་ཕྱིར་སྔར་ལས་ལྷག་པའི་ཐབས་ཤེས་ཡོད་རྒུ་རྩལ་སྦྲུག་ལྡབ་ཅིག་གནང་དགོས་ཀྱི་རེད་ཅེས་སྐུལ་འདེད་ནན་པོ་གནང་ཡོད་པ་རེད། སྐུ་ཞབས་སྦན་ཀི་མུན་མཆོག་ནི་འདས་པའི་མི་ལོ་ལྔ་བཅུའི་རིང་རྒྱལ་ཁབ་དེར་གཞུང་དོན་སླད་གཟིགས་བསྐོར་གནང་བར་ཕེབས་མཁན་ཐོག་མར་དེ་ཡིན་པ་རེད། ཁོང་གིས་གཟིགས་བསྐོར་གནང་སྐབས་གསུང་པའི་གསུང་བཤད་ཁག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲེམས་སྤེལ་བྱས་གསལ་ལྟར་ན་ལའོ་སེའི་གཞུང་གིས་ཡུལ་དེའི་ནང་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན།འཚོ་བའི་གནས་སྟངས་ཐད་ཡར་རྒྱས་མུ་མཐུད་བཏང་ཡོད་པ་རེད། དཔེར་ན་ཡི་གེ་བྲིས་ཀློག་མི་ཤེས་མཁན་གྱི་གྲངས་འབོར་དང་གསར་སྐྱེས་བྱིས་པ་འཆི་བའི་གྲངས་འབོར་ཉུང་དུ་འགྲོ་མུས་ཡིན་པ་རེད།
ཡིན་ནའང་བཅུད་ལྡན་ཟས་སྣ་ལྡེང་ངེས་བཞིན་པ་མེད་པ་དང་གྲངས་ཉུང་མི་རིགས་དང་ས་ཁུལ་འགའ་ཤས་དབར་དཔལ་འབྱོར་གྱི་གནས་སྟངས་དང་མཐུན་རྐྱེན་མཁོད་སྙོམ་ལྡན་པ་མེད་པ་དང་མི་མང་སྤྱི་དང་བྱེ་བྲག་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དབར་དཔལ་འབྱོར་གྱི་གནས་སྟངས་འཁོད་སྙོམ་མེད་པའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པ་རེད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གི་འཛིན་སྐྱོང་འོག་འགྲེམས་སྤེལ་བྱས་པའི་སྟོང་ལོའི་སྙན་ཐོའི་ནང་གསལ་ཡོད་པ་རེད༎