མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཤི་རི་ལང་ཀར་འཚམས་གཟིཌ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཞིག་ཤི་རི་ལང་ཀའི་ནང་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པའི་གནས་ཚུལ།

2009.05.15

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཞིག་ཤི་རི་ལང་ཀའི་གཞུང་དང་ཡུལ་དེའི་ནང་གི་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་བར་གྱི་དཀའ་རྙོག་དེའི་ཐོག་བཀའ་བསྡུར་གནང་བར་རེས་གཟའ་སྤེན་པའི་ཉིན་ཤི་རི་ལང་ཀའི་ནང་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པའི་སྐོར་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་གསུང་ཡོད་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤི་རི་ལང་ཀའི་གཞུང་དང་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་བར་གྱི་དམག་འཁྲུག་གནས་སྐབས་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་བ་རྩིས་མེད་དུ་བཏང་སྟེ་དེ་རིང་ཤི་རི་ལང་ཀའི་གཞུང་ཕྱོགས་ནས་ཚོུད་༤༨ནང་ཚུད་ལ་ཊ་མིལ་མི་རིགས་ཀྱི་གྱེན་ལོག་ཤོག་ཁག་དེ་རྣམས་གཙང་སེལ་བྱ་རྒྱུ་ཡིན་ཞེས་བཤད་པར་བརྟེན་ནས་རེས་གཟའ་སྤེན་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གི་ཕྱག་རོགས་དཔོན་རིགས་མཐོ་ཤོས་ཡིན་པ་ལྦི་ཇེ་ནམ་སྦི་ཡར་མཆོག་གྲོས་མོལ་གནང་བར་ཕེབས་ཀྱི་ཡོད་པ་རེད། ཁོང་ད་རེས་འཚམས་འདྲིར་ཕེབས་ཏེ་གཙོ་བོའི་ཐུགས་རེ་ནི་ཤི་རི་ལང་ཀའི་སྲིད་འཛིན་དང་དེ་མིན་གྱི་གལ་ཆེ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་ཞི་བའི་མི་སེར་ཚོའི་བདེ་འཇགས་འགན་ལེན་ཡོང་ཐབས་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། སྐུ་ཞབས་ལྦི་ཇེ་ནམ་སྦི་ཡར་མཆོག་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་ཐེངས་གཅིག་རྒྱལ་ཚོགས་ཀྱི་སྐུ་ཚབ་ཏུ་ཤི་རི་ལང་ཀའི་ནང་འཚམས་འདྲིར་ཕེབས་པ་དང་ཤི་རི་ལང་ཀའི་སྲིད་འཛིན་དང་མཇལ་འཛོམས་གནང་སྟེ་ཕྱོགས་གཉིས་བར་མེ་འཕེན་མཚམས་འཇོག་བྱ་དགོས་པའི་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་སོན་པ་གང་ཡང་བྱུང་མེད་པ་དང་རེས་གཟའ་སྤེན་པའི་ཉིན་ཁོང་བསྐྱར་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དེ་ནི་འཚམས་འདྲི་ཐེངས་གཉིས་པ་ཡིན་ནའང་གྲུབ་འབྲས་ཇི་ལྟར་ཡོང་མིན་ཚོད་དཔགས་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎