འཛམ་གླིང་གི་བཀྲེས་སྐོམ་ངལ་སེལ་བྱ་གལ་གྱི་སྐུལ་མ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་བཀྲེས་སྐོམ་ངལ་བ་སེལ་ཐབས་དང་མཁའ་རླུང་འབག་བཙོག་འགོག་ཐབས་བྱ་གལ་ཆེབའི་སྐུལ་མ།

2009.11.16

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་འཛམ་གླིང་གི་བཀྲེས་སྐོམ་ངལ་བ་སེལ་ཐབས་དང་མཁའ་རླུང་འབག་བཙོག་འགོག་ཐབས་བྱ་གལ་ཆེ་བའི་སྐུལ་མ་གནང་འདུག

འཛམ་གླིང་གི་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་ལྟར་བཟའ་བཅའི་ཐོན་སྐྱེད་གོང་འཕེལ་གཏོང་གལ་ཆེ་ཞིང་དེང་འཛམ་གླིང་ནང་མི་གྲངས་ཐེར་འབུམ་གཅིག་ཙམ་ལ་བཀྲེས་སྐོམ་ངལ་བ་འཕྲད་བཞིན་པའི་སྐོར་རྒྱལ་ཚོགས་དྲུང་ཆེས་གསུངས་གནང་འདུག ཕྱི་ལོ་ཉིས་སྟོང་ལྔ་བཅུ་ཤར་སྐབས་འཛམ་གླིང་གི་མི་འབོར་ཐེར་འབུམ་དགུ་དང་ཚེག་གཅིག་ཙམ་བྱེད་ཉེན་ཡོད་ཅིང་མི་འབོར་འཕར་ཚད་ལ་གཞིགས་པའི་བཟའ་བཅའི་ཐོན་སྐྱེད་བརྒྱ་ཆ་བདུན་བཅུ་ལྷག་འཕར་ཆ་འགྲོ་ངེས་རེད་ཅེས་དང་ང་ཚོས་ཉམ་ཐག་མི་མང་གི་བདེ་སྡུག་ལ་བལྟ་སྐྱོང་བྱེད་དགོས་ཀྱི་རེད་ཅེས་རྒྱལ་ཚོགས་དྲུང་ཆེས་གསུངས་གནང་འདུག ཡང་འཛམ་གླིང་བཟའ་བཅའ་དང་སོ་ནམ་སྒྲིག་འཛུགས་ཀྱིས་སོ་ནམ་ཞིང་ལས་རྒྱ་སྐྱེད་གཏོང་མ་ཐུབ་ན་ཕྱི་ལོ་ཉིས་སྟོང་ལྔ་བཅུ་ཤར་སྐབས་མི་གྲངས་ས་ཡ་༣༧༠ཙམ་ལ་མུ་གེའི་འཇིགས་པ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། མདོ་དོན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་གཞུང་གྲོན་གྱི་བརྒྱ་ཆ་བཅུ་ཙམ་སོ་ནམ་ཞིང་ལས་ཐོག་གཏོང་གལ་ཆེ་བའི་ལམ་སྟོན་གནང་འདུག་པ་མ་ཟད་འབྱུང་འགྱུར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཁག་ནང་སོ་ནམ་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གཙིགས་ཆེར་འཛིན་གལ་ཆེ་བའི་དགོངས་ཚུལ་མངོན་པར་གསལ་བ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎