སི་རི་ཡའི་གཞུང་ལ་གནོན་ཤུགས་སྤྲད་རྒྱུའི་གནས་ཚུལ།
2012.02.26
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སི་རིའི་ཐོག་གནོན་ཤུགས་སྤྲོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
སི་རིའི་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་ནང་དང་ཐད་ཀར་འབྲེལ་བའི་དཔོན་རིགས་ཀྱི་མཐོ་གཞུང་ཐོན་པའི་རྗེས་སུ་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སི་རིའི་ཐོག་གནོན་ཤུགས་འཕར་བ་སྤྲོད་རྒྱུར་ཐག་གཅོད་བྱས་ཡོད་འདུག ལྷན་ཚོགས་ཀྱིས་ལོ་རེའི་ཚོགས་ཆེན་རེས་གཟའ་ཟླ་བའི་ཉིན་དབུ་འཛུགས་གནང་གི་ཡོ་རེད།
ད་ཆ་སི་རི་ཡའི་དཔོན་རིགས་ཚོས་ནག་ཉེས་གཡོལ་ཐབས་བྱེད་རྒྱུ་མཚམས་འཇོག་དགོས་ལུགས་མིང་འདོན་མེད་པའི་གཞུང་ཚབ་པ་ཞིག་གིས་གསུངས་གནང་ཡོད་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ལྷན་ཁང་གིས་ཚོགས་ཆེན་དེ་བཞིན་ལྷན་ཁང་གི་དབུ་འཛིན་ནྭ་ཝི་ པི་ལེ་(Navi Pillay) དང་ ཕྱི་ལོ་༢༠༡༡དང་༡༢ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གཙོ་འཛིན་ ཁྭ་ཏར་(Qatar) གྱི་ ན་སིར་ཨཕ་དྷུལ་ཨ་ཛིཛེ་(Nassir Abdulaziz)གཉིས་ཀྱིས་དབུ་འབྱེད་གནང་གི་ཡོད་འདུག ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་སི་རི་ཙམ་མ་ཡིན་པར་ ཨི་རན་དང་ ལི་བྭི་ཡ། ཤི་རི་ལངྐ་། བྷར་མ། བྱང་ཀོ་རི་བཅས་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་བསྡུར་གནང་གཏན་འཁེལ་ཡོད་འདུག།