འབར་མའི་གནད་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་བློ་འཚབ།

འབར་མའི་ནང་དམངས་གཙོའི་རང་དབང་འཐབ་རྩོད་བྱ་མཁན་ཚོར་བཙོན་འཇུག་གི་ཉེས་ཆད་བཀལ་བར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བློ་འཚབ།

2008.11.13

༄༅༎འབར་མའི་ནང་དམངས་གཙོའི་རང་དབང་འཐབ་རྩོད་བྱ་མཁན་ཚོར་འབར་མའི་དྲག་པོའི་སྲིད་གཞུང་གིས་ཡུན་རིང་བཙོན་འཇུག་གི་ཉེས་ཆད་བཀལ་བའི་གནད་དོན་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བློ་འཚབ་གསལ་འདོན་གནང་བཞག

བདུན་ཕྲག་འདིའི་འགོ་སྟོད་དུ་འབར་མའི་དྲག་པོའི་སྲིད་གཞུང་ནས་དོ་དམ་བཀག་ཉར་བྱས་པའི་འབར་མའི་ནང་དམངས་གཙོའི་རང་དབང་རྩོད་ལེན་བྱ་མཁན་མི་གྲངས་གསུམ་བཅུ་སྐོར་ཞིག་ལ་གསང་རྒྱ་དམ་པོའི་ཁྲིམས་བཤེར་འོག་ལོ་གཉིས་ནས་ལོ་དྲུག་བཅུ་རེ་ལྔའི་བར་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པ་རེད། ཁྲིམས་ཐོག་ནས་བཙོན་དུས་ཀྱི་ཉེས་ཁྲིམས་ཕོག་པའི་ནང་དེ་སྔ་༡༩༨༨ལོར་སློབ་ཕྲུག་གི་སྣེ་འཁྲིད་བྱས་པའི་དམངས་གཙོ་གྱེན་ལངས་ཀྱི་འགོ་འཁྲིད་གྲས་སློབ་ཕྲུག་བཅུ་བཞི་ཞིག་ལ་ལོ་ངོ་དྲུག་བཅུ་རེ་ལྔའི་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པ་དང་ཡང་འབར་མའི་དགེ་འདུན་པ་ལྔ་དང་ལོ་ན་ཉི་ཤུ་རྩ་བརྒྱད་ཡིན་པའི་དྲ་རྒྱའི་ཐོག་གཞུང་ལ་སྐྱོན་བརྗོད་ཀྱི་བྲིས་རྩོམ་བྱེད་མཁན་ནེ་ཕོན་ལེཏ་ཟེར་བ་ཞིག་དང་དེ་བཞིན་ལས་རྩོལ་མི་མང་གི་ཐོབ་ཐང་རྩོད་མཁན་སུ་སུ་ལྦེ་ཞུ་བ་བཅས་ལ་ལོ་གཉིས་ནས་ཉི་ཤུའི་བར་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པ་རེད། དེ་རིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་ཤིག་སྤེལ་བའི་ཐོག་འབར་མའི་ནང་ཞི་བའི་ལམ་ནས་དམངས་གཙོ་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་ཚོར་དྲག་པོའི་སྲིད་གཞུང་ནས་དྲང་བདེན་གྱི་ཁྲིམས་བཤེར་མེད་པར་དུས་རིང་བཙོན་འཇུག་གི་ཉེས་ཆད་བཀལ་བ་དེར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ནས་བློ་འཚབ་ཆེན་པོ་གནང་གི་ཡོད་སྐོར་གསལ་འདོན་གནང་པ་དང་ཆབས་ཅིག་འབར་མའི་དྲག་པོའི་སྲིད་གཞུང་ངོས་ནས་ཆབ་སྲིད་ཀྱི་བཙོན་པ་ཡོངས་རྫོགས་གློད་བཀྲོལ་བཏང་སྟེ་རྒྱལ་ཁབ་ཀྱི་ཆབ་སྲིད་ནང་མང་ཚོགས་ཀྱིས་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་སྐུལ་མ་བཏང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎